
བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ ཨེཛ་རེལ་གྱིས་ སི་རི་ཡའི་ཁྲོམ་ཚོགས་ ཨ་ལེ་ལོ་ཟེར་མིའི་ ཉེ་འདབས་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༣༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཨིཛ་རེལ་གྱིས་ ས་གོ་དག་པ་ཅིག་གི་ནང་ར་ གནོད་འཚུབ་ཚུ་ བཀལ་ཡོདཔ་ལས་ ཡུ་ཀེ་ལུ་ཡོད་མི་ སི་རི་ཡ་ འགྲོ་བ་མིའི་ཐོབ་དབང་ བལྟ་རྟོག་འབད་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འཚུབ་ཚུ་གི་ དམིགས་གཏད་དེ་ ཨི་རཱན་གྱི་ རྒྱབ་སྐྱོར་ཐོག་ལུ་ ལེ་བ་ནཱོན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ ཧེཛ་བོ་ལ་གིས་ ལག་ལེན་འཐབ་སྟེ་ཡོད་མི་ གོ་མཚོན་གྱི་ མཛོད་ཁང་ཚུ་ལུ་ བསྐྱེད་ནུག་ཟེར་ཨིན་པས།
དེ་སྦེ་ ཤི་རྐྱེན་བྱུང་མི་ ༣༨ ཀྱི་གྲས་ཁར་ ཧེཛ་བོ་ལའི་ དམག་མི་ ༢ ཡང་ཡོདཔ་ད་ སྲུང་སྐྱོབ་ལྷན་ཁག་གིས་ གནོད་འཚུབ་དེ་ནང་ ཞི་བའི་མི་སེར་དང་ སི་རི་ཡའི་ དམག་མི་ཚུ་ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཤད་ནུག།
དེ་བཟུམ་སྦེ་ སི་རི་ཡ་ལུ་ འབྲེལ་བ་འཐབ་ས་ ལེ་ཤ་ཡོད་མི་ ཨེཛ་ཨོ་ཨེཆ་ཨར་ཟེར་མི་ བལྟ་རྟོག་སྡེ་ཚན་གྱིས་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་ཡང་ བྱུང་ནུག་ཟེར་ཨིནམ་ད་ ཨིཛ་རེལ་གྱིས་ དམིགས་གཏད་བསྐྱེད་སའི་ ས་གོ་ཚུ་གི་ནང་ལས་ ཨ་ལེ་པོ་ རྒྱལ་སྤྱིའི་གནམ་ཐང་ཡང་ཨིནམ་སྦེ་ བཤདཔ་ཨིན་པས།
སྤྱི་ལོ་ ༢༠༡༡ ལོར་ སི་རི་ཡ་ལུ་ ནང་འཁྲུག་ལང་ཞིནམ་ལས་ཚུར་ ཨིཛ་རེལ་གྱིས་ སི་རི་ཡ་ལུ་ གནོད་འཚུབ་ཤོ་ཐེངས་བརྒྱ་ལས་བཅད་དེ་ བཀལ་ཡོདཔ་ད་ གནོད་འཚུབ་དེ་ཚུ་ཡང་ མང་ཤོས་ར་ ཨི་རཱན་དང་ ཕྱོགས་གཏོགས་ཡོད་མི་ སྡེ་ཚན་ཧ་མཱཛ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལུ་བཀལ་ནུག།
ན་ཧིང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་དྲག་ཐོག་དབང་བཙོང་སྡེ་ཚན་གྱིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཞིནམ་ལས་ཚུར་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ ཧ་མཱཛ་སྡེ་ཚན་ རྩ་མེད་གཏང་ཐབས་ལུ་ གནོད་འཚུབ་ཡར་སེང་འབད་ཡོདཔ་ཨིན་པས།
སི་རི་ཡའི་ སྲུང་སྐྱོབ་ལྷན་ཁག་གིས་ ད་རེས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མི་དེ་ ཨ་ལེ་པོ་ལུ་ གནོད་འཚུབ་བཀལ་མི་དང་ དུས་མཉམ་ཕོག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 192
Users Yesterday : 1695
This Month : 40400
This Year : 220303
Total Users : 932119
Views Today : 929
Total views : 2719638
Who's Online : 4