
སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ ཏཱ་ར་ཡ་ན་ གཞི་ཚོགས་ཀྱིས་ ཐིམ་ཕུ་ཅང་གླིང་མའི་ཐང་གི་ བརྒྱ་འཁོར་གླིང་གའི་ནང་སྦེ་ གཞི་བཙུགས་དུས་སྟོན་ ཐེངས་ ༢༡ པ་དང་ ལོ་བསྟར་འགྲེམ་སྟོན་ ཐེངས་ ༡༨ པ་དེ་ ས་གནས་ཀྱི་ དཔལ་འབྱོར་ཡར་དྲགས་ལུ་ ཉམས་སྲུང་ནང་ བརྩོན་ཤུགས་ལུ་ ཕན་འདེབས་ཟེར་བའི་ བརྗོད་དོན་ཐོག་ལས་ བརྩི་སྲུང་ཞུ་ནུག།
དེ་ཡང་ བརྒྱ་འཁོར་གླིང་གའི་ནང་ ཡུན་བརྟན་ལུ་ ཁས་ལེན་གྲུབ་མི་དང་བསྟུན་པའི་ རང་བཞིན་འཐོན་སྐྱེད་དང་ གསར་བཏོད་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་སྟོན་དེ་གི་ འགོ་འབྱེད་སྐབས་ལུ་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ རྒྱལ་སྲས་མཆོག་སྤྲུལ་ འཇིགས་མེད་བསྟན་འཛིན་དབང་པོ་རྣམ་ ༢ བྱོན་གནང་ཡོདཔ་མ་ཚད་ ཏཱ་ར་ཡ་ན་ གཞི་ཚོགས་ཀྱི་ གཞི་བཙུགས་གཙོ་འཛིན་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་བྱེད་སེངྒེ་དབང་ཕྱུག་མཆོག་གིས་ དབུ་གཙོས་པའི་ མི་རྗེ་བློན་ཆེན་དང་ ཆེ་མཐོའི་འགོ་དཔོན་ཚུ་གུ་ ཏཱ་ར་ཡ་ན་ གཞི་ཚོགས་ལུ་ ཕན་གྲོགས་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
འགྲེམ་སྟོན་དེ་ནང་ རྫོང་ཁག་ ༡༦ གི་ནང་ལས་ མི་སྡེའི་འཐུས་མི་ ༧༤ གིས་ ལག་རྩལ་སྤུས་དག་སྦེ་ བཟོ་བཏོན་འབད་མི་ རང་བཞིན་འཐོན་སྐྱེད་ སྣ་ཁག་མ་འདྲཝ་ཚུ་ འགྲེམ་སྟོན་འབད་དེ་ཡོདཔ་མ་ཚད་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ནང་ལས་ཡང་ སླར་འབྱུང་འཕྲུལ་རིག་དོ་འགྲན་ནང་ རྒྱལ་ཁ་ཐོབ་མི་ ༥ གིས་ འབྲུག་ལུགས་ཀྱི་ གནམ་གཤིས་དང་ རྐྱེན་ངན་ཐུབ་པའི་ སྡོད་ཁྱིམ་ཟེར་མི་ དཔེ་ཚད་དེ་ཚུ་ཡང་ འགྲེམ་སྟོན་འབད་དོ་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ དམིགས་བསལ་གྱིས་ ཁྱད་དུ་འཕགས་པའི་ ལས་རིམ་དེ་ཡང་ གཏོང་ཕོད་ཅན་གྱི་ འབྲུག་ཌེ་གོན་མོ་ཊར་སའི་ཀཱལ་སྡེ་ཚན་གྱིས་ རྐང་འགྲུལ་འབད་ཚད་གཅིགཔོ་ ཉམ་ཆུང་གི་ གནས་ཚད་ཡར་དྲག་དོན་ལས་ ལག་ལེན་འཐབ་ཡོད་མི་ལུ་ གཟེངས་ཐོན་རྟགས་མ་ གནང་མི་དེ་ཨིནམ་ད་ ཁོང་གི་བརྗོད་དོན་ རྐང་འགྲུལ་ལུ་བརྩེ་བ་ བརྩེ་བ་ལུ་ རྐང་འགྲུལ་ཟེར་མི་དེ་གིས་ སྡེ་ཚན་དེ་གི་ དམིགས་ཡུལ་གྱི་ བཅུད་དོན་སྙིང་པོ་ངོ་མའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་ལས་ གཞན་ཡང་ འགྲེམ་སྟོན་དེ་ནང་ རྩེད་རིགས་ཚུ་གིས་མ་དོ་བར་ ཏཱ་ར་ཡ་ན་ ཞིབ་འཚོལ་གོང་འཕེལ་ལྟེ་བའི་ བྱམས་སྐྱོང་ལས་འགུལ་གྱི་ མི་རིགས་དབྱེ་བཤད་དེ་ཡང་ མི་མང་སྔར་འཁྱུན་ལམ་སྲོལ་གྱི་ འགྲེམ་སྟོན་ཁང་དང་ ཏཱ་ར་ཡ་ན་ གྲོང་གཡུས་ལག་བཟོ་ཚུ་གིས་ ཧེང་སྐལ་ར་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ བཟོ་སྟེ་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 1622
Users Yesterday : 2073
This Month : 3695
This Year : 183598
Total Users : 895414
Views Today : 3324
Total views : 2630148
Who's Online : 10