
སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ ཐིམ་ཕུ་སྨྱོ་རྫས་དང་ ཉེས་སྤྱོད་ལས་ཚན་ཚུ་གིས་ ཧད་འཇོ་ལས་ སྐྱེས་ལོ་ ༢༧ དང་ ༣༣ འབད་མི་ མི་ངོམ་ ༢ དམིགས་བསལ་གྱིས་ སྨྱོ་རྫས་ཨེཛ་པི་+ ཚུ་ འབག་སྟེ་ཡོདཔ་ལས་ འཛིན་བཟུང་འབད་ནུག།
དེ་ཡང་ ཞིབ་དཔྱད་ཀྱི་སྐབས་ལུ་ སྨྱོ་རྫས་ཚུ་ ཁོང་གིས་ ཐིམ་ཕུ་བར་སྦི་ས་ལས་ སྨྱོ་རྫས་ཚོང་སྒྱུར་འཐབ་མི་ཅིག་ལས་ ཉོ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཞིབ་དཔྱད་སྡེ་ཚན་དེ་གིས་ སྨྱོ་རྫས་ཚོང་སྒྱུར་འཐབ་མི་གཙོ་བོ་ སྐྱེས་ལོ་ ༣༡ འབད་མི་ ཕོ་སྐྱེས་ ༡ ཡང་ ཁོ་རའི་སྡོད་ཁྱིམ་ བར་སྦི་ས་ གསར་སྦི་ཐང་ལས་ ཨེཛ་པི་+ སྨན་ཐུམ་ ༦,༢༡༧ དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག།
སྔ་གོང་ཞིབ་དཔྱད་སྐབས་ལུ་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ མི་ངོམ་དེ་ ཇའི་སྒང་ལུ་ སོང་ཞིནམ་ལས་ རྒྱ་གར་གྱི་མི་ཁུངས་ ཇའེ་ཧོང་དའི་ཟེར་མི་ཅིག་ལས་ སྨྱོ་རྫས་ཚུ་ དངུལ་ཀྲམ་ ༧༨,༠༠༠ སྤྲོད་དེ་ ཉོ་ཡི་ཟེར་ཨིན་པས།
ཁོང་ཆ་ཁྱབ་ལུ་ ཉོ་རྫས་སྤྱོདཡོད་མེད་ བརྟག་དཔྱད་འབདཝ་ད་ ཁོང་བཞིཔོ་ཆ་གིས་ར་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ ཐོན་ཡོདཔ་མ་ཚད་ ཁོང་ག་ར་ གནོད་འགེལ་ཡང་བསྐྱར་ ལག་ལེན་འཐབ་མི་བཟུམ་ཅིག་ཡོདཔ་སྦེ་ རྒྱལ་གཞུང་འགག་སྡེའི་ ཕེཛ་བུག་ནང་ བཀོད་འདུག་པའི་གནས་ཚུལ།




Users Today : 2989
Users Yesterday : 4443
This Month : 97876
This Year : 393842
Total Users : 1105658
Views Today : 4655
Total views : 3083285
Who's Online : 18