ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊམ་ལུ་ ཡིག་ཆ་རྫུན་བཟོའི་ཉེས་འཛུགས།

རོའི་ཊརཛ།
ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊམ་གྱི་ སྤྱི་ལོ་ ༢༠༡༦ ལོའི་ བཙག་འཐུའི་སྔ་གོང་ལུ་ ཁོ་རའི་སྐོར་ལས་ ལོ་རྒྱུས་ཚུ་ གསང་བཞག་ཐབས་ལུ་ འདོད་བརྙན་མོ་ལེགས་ཅིག་ལུ་ དངུལ་སྤྲོད་ཡོད་མི་དེ་ གསང་བརྟོལ་མ་འབད་བའི་ ཉེས་པ་འཁྲི་ཡོདཔ་ཨིན་པས།
དེ་ཡང་ ཉིན་གྲངས་ ༢ ཀྱི་རིང་ འཐུས་མི་ ༡༢ འབད་མི་ དྲང་དཔོན་ལྷན་ཚོགས་ཀྱིས་ གྲོས་བསྡུར་འབད་བའི་ཤུལ་ལས་ གྲོས་ཆོད་དེ་ བཏོན་ཡོདཔ་ད་ ཌོ་ནཱལ་ཊམ་ལུ་ ཉེས་འཛུགས་ཁག་ ༣༤ གི་ ཉེས་པ་འཁྲི་ནུག།
ཉེས་ཁྲིམས་དེ་ཚུ་གི་ འཁྲུན་ཆོད་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ གནང་ནི་ཨིནམ་ད་ དེ་ཡང་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱིས་ སྲིད་འཛིན་གྱི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་སྦེ་ གདམ་འཐུ་འགྲུབ་ནི་ཨིན་མི་ ཉིན་གྲངས་དག་པ་ཅིག་གི་ སྔ་གོང་ལུ་ གནང་ནི་ཨིན་པས།.
ཨིན་རུང་ ཡུ་ཨེཛ་གི་ ཁྲིམས་ལུགས་ནང་ ཡིག་ཆ་རྫུན་བཟོའི་ ཉེས་ཁྲིམས་དེ་ མཐོ་ཤོས་ལོ་ངོ་ ༤ གི་ བཙོན་ཁྲིམས་སྨིན་དོ་ཡོདཔ་ད་ དེ་ཡང་ དེ་བཟུམ་མའི་ཉེས་པ་འཁྲི་མི་ལུ་ བཙོན་ཁྲིམས་ཀྱི་ དུས་ཡུན་དེ་ དེ་བ་ཡང་ ཐུང་ཀུ་སྦེ་ཡོདཔ་ལས་ ཁོ་གིས་ སྐུལ་བསྒྲགས་ཚུ་ འབད་ཆོག་ནི་ཨིན་པའི་ཁར་ གལ་སྲིད་ སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ སྲིད་འཛིན་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ཡིག་ཚང་གི་ ལཱ་ཚུ་ཡང་ ལག་ལེན་ཆོག་ནི་ཨིན་པས།
སྐྱེས་ལོ་ ༧༧ འབད་མི་ ཌོ་ནཱལ་ཊམ་གྱིས་འབད་བ་ཅིན་ ཁོ་གིས་ ཉེས་ལས་ག་ནི་ཡང་ ལཱ་བྱ་འཐབ་འཐབ་མེདཔ་ལས་ ཁོ་གི་ ཁྲིམས་རྩོདཔ་གིས་ ག་དེ་མགྱོགས་མགྱོགས་ མཐོ་གཏུགས་ཞུ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: