
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་འཕྲོ་འཐུད་དེ་ར་ རྐྱབ་པའི་བར་ན་ ཧ་མཱཛ་གི་ ཁ་ཐུག་ལས་ ཕྱད་མདའ་མཚམས་འཇོག་གི་ གྲོས་དོན་ཅིག་ བཀོད་པ་ལུ་བརྟེན་ཏེ་ ཨིཛ་རེལ་ལས་ འདུམ་འགྲིག་སྡེ་ཚན་ཅིག་ ཀ་ཊར་ལུ་ སོང་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་ འདུམ་འགྲིག་སྡེ་ཚན་དེ་ གསང་ཞིབ་གཙོ་འཛིན་ ཌེ་ཝིཌ་བར་ནི་ཨེ་གིས་ འགོ་ཁྲིད་འབད་དེ་ཡོདཔ་ད་ སྡེ་ཚན་དེ་གིས་ ས་གནས་དོ་ཧ་ལུ་ འདུམ་འགྲིག་པ་ གཞན་ཚུ་དང་ཕྱད་ནུག།
ཨིཛ་རེལ་གྱི་ བློན་ཆེན་གྱི་ ཡིག་ཚང་ལས་ ཤུལ་མའི་བདུན་ཕྲག་ནང་ཡང་ འདུམ་འགྲིག་སྡེ་ཚན་གཞན་མི་ཅིག་ ཀ་ཊར་ལུ་བཏང་སྟེ་ གྲོས་བསྟུན་ཚུ་ ལོག་སྟེ་ར་འབད་ནི་ཨིན་རུང་ འདུམ་འགྲིག་སྡེ་ཚན་ཁག་གི་ རྩ་ཕན་ཚུ་གི་བར་ན་ ཁ་འཆམ་མ་ཚུགས་པའི་ གནད་དོན་ཚུ་ཡང་ འཐོན་སྲིད་ནི་མས་ཟེར་ཨིན་པས།
འདུམ་འགྲིག་གི་ གྲོས་དོན་དེ་ཡང་ ཧ་མཱཛ་གི་ཁ་ཐུག་ལས་ འཆར་སྣང་གསརཔ་ཚུ་བཙུགས་ཏེ་ ཀ་ཊར་དང་ ཨི་ཇིབ་ དེ་ལས་ ཊར་ཀི་ཚུ་གི་ འདུམ་འགྲིག་པ་ཚུ་ལུ་ སྤྲོད་ཡོད་རུང་ འཕྲལ་ཁམས་ཀྱི་ འདུམ་འགྲིག་གི་ གནད་དོན་ཚུ་ གསང་བརྟོལ་མ་འབད་བར་བཞག་ནུག།
ཨིན་རུང་ ཧ་མཱཛ་གི་ མགྲིན་ཚབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ འདུམ་འགྲིག་པ་ཚུ་གིས་ ཁོང་གི་གྲོས་དོན་གྱི་ གནད་དོན་གསརཔ་ཚུ་ལུ་ ངོས་ལེན་ཡོད་རུང་ ཨིཛ་རེལ་གྱི་ ཁ་ཐུག་ལས་ ག་དེ་སྦེ་འོང་ག་ དྭངས་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ད་ཚུན་གྱི་རི་ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་སྟེ་ ཟླཝ་ ༩ དེ་ཅིག་ སོང་ཡོདཔ་བཞིན་དུ་ དུས་ཡུན་དེ་ནང་ པེ་ལིཛ་ཊིན་གྱི་མི་ སེར་ ༣༨,༠༡༡ དེ་ཅིག་ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 3100
Users Yesterday : 3533
This Month : 86188
This Year : 523181
Total Users : 1234997
Views Today : 4462
Total views : 3291691
Who's Online : 10