
རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ཨིཛ་རེལ་གྱི དམག་མི་ཚུ་གིས་ ག་ཟ་ཁྲོམ་ཚོགས་ཀྱི་ ལྷོ་ཕྱོགས་དང་ དབུས་ཕྱོགས་ཀྱི་ ས་གོ་ཚུ་ནང་ རྫས་བམ་ལག་ལེན་ཐོག་ལས་ པེ་ལིཛ་ཊིན་གྱི་ མི་སེར་ ༥༧ དེ་ཅིག་ དམར་བསད་འབད་ནུག།
དེ་ཡང་ པེ་ལིཛ་ཊིན་ལུ་ ཨིཛ་ལཱམ་ཆོས་ལུགས་ཀྱི་ དྲག་དམག་སྡེ་ཚན་ ཧ་མཱཛ་གིས་ ད་རེས་ ཨ་རབ་ཀྱི་ འདུམ་འགྲིག་པ་ཚུ་དང་ ཡུ་ཨེཛ་གིས་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ གསུང་གྲོས་གནང་པའི་བསྒང་ཡོད་མི་ལུ་ ཨིཛ་རེལ་གྱིས་ བར་ཆད་རྐྱབ་ནི་གི་ དམིགས་གཏད་ཐོག་ལས་ ག་ཟ་ལུ་ གནོད་འཚུབ་ཚུ་ ཡར་སེང་ཅན་སྦེ་ར་ ལག་ལེན་འཐབ་མས་ཟེར་ཨིན་པས།
ས་གནས་ར་ཕཱ་ཟེར་སར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ སྡོད་ཁྱིམ་ཅིག་ནང་ཡོད་མི་ མི་གྲངས་ ༥ དམར་བསད་འབད་བའི་ཁར་ ཁཱན་ཡུ་ནིཛ་ཟེར་སར་ཡང་ ཨ་ལོ་ ༢ དང་སྦྲགས་ཏེ་ བཟའ་ཚང་ཕོ་མོ་ ༢ དམར་བསད་འབད་ནུག།
ད་རུང་ ཁཱན་ཡུ་ནིཛ་ཟེར་སར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ སྣུམ་འཁོར་གུ་དམིགས་ཏེ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ ༢༦ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
ཨིཛ་རེལ་གྱི་ དམག་སྡེ་གིས་ ཧ་མཱཛ་གི་ མཐུན་ཕྱོགས་སྡེ་ཚན་ ཇི་ཧཱད་ཟེར་མི་ ཆེ་མཐོའི་དམག་མི་ཅིག་ལུ་ ཚ་གཏད་དེ་ མཁའ་ཐོག་ལས་ གནོད་འཚུབ་བཀལཝ་ད་ ཞི་བའི་མི་སེར་ལུ་ རྨ་སྐྱོན་བྱུང་ཡོད་པའི་ སྙན་ཞུ་ཡོད་མི་ཚུ་ ཁོང་གི་ཁ་ཐུག་ལས་ བསྐྱར་ཞིབ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1397023
Views Today :
Total views : 5000
Who's Online :