
སི་ཨེན་ཨེན།
ག་ཟའི་ལྷོ་ཕྱོགས་ཁྲོམ་སྡེ་ ཁཱན་ཡུ་ནིཛ་ལུ་ ཨིཛ་རེལ་གྱིས་ པེ་ལེཛ་ཊིན་གྱི་ མི་སེར་ ༡༠ དེ་ཅིག་ དམར་བསད་འབད་བའི་ཁར་ སྟོང་ཕྲག་ལས་བཅད་དེ་ཡང་ བྱོག་འགྱོ་དགོཔ་ ཐོན་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་ ཧ་མཱཛ་གི་ ས་གནས་ནང་ བརྡ་དོན་ཚུ་ བཙུགས་ཏེ་ཡོདཔ་ལས་ མི་སེར་གྱི་ ས་ཁོངས་ཟེར་མི་དེ་ མར་ཕབ་འབད་དགོ་པའི་ གསལ་བསྒྲགས་འབད་ནུག།
ག་ཟའི་ཁྲོམ་ཚོགས་སྦོམ་ཤོས་ ༢ པ་ཨིན་མི་ ཁཱན་ཡུ་ནིཛ་ལས་ ཐོན་འགྱོ་མི་ པེ་ལེཛ་ཊིན་གྱི་ མི་སེར་ཚུ་ འུ་སྡུག་ཐང་ཆད་དེ་ འགྱོ་བའི་སྐབས་ལུ་ ཨིཛ་རེལ་རྐྱངམ་གཅིག་ལུ་མིན་པར་ ཧ་མཱཛ་དང་ ཨ་རབ་རྒྱལ་ཁབ་ཚུ་ལུ་ཡང་ ཁོང་ཁྲོ་ལངས་ཡོདཔ་ཨིན་པས།
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ ཡིག་ཚང་ལས་ མི་སེར་ཚུ་ ས་གནས་ག་ཏེ་ལས་ ཐོན་འགྱོ་དགོཔ་ཨིན་ན་དང་ ག་ཏེ་ལུ་ འགྱོ་དགོཔ་ཨིན་ན་ཚུ་ ཤེས་ཚུགས་པའི་ དུས་ཚོད་ཅིག་ལུ་ གྱུར་ཡོདཔ་སྦེ་བཀོད་ནུག།
ཨིཛ་རེལ་གྱི་ དམག་སྡེ་ཚུ་གིས་ བྱང་ཕྱོགས་ཤུ་ཇ་ཡ་དང་ དབུས་ཕྱོགས་ག་ཟའི་ ས་ཁོངས་ཚུ་ནང་ ཧ་མཱཛ་གཞི་བཙུགས་འབད་ནི་ལས་ བཀག་ཐབས་ལུ་ ས་ཐོག་བཙན་འཛུལ་འབད་ཡོདཔ་ཨིན་མས།
ག་དེ་སྦེ་ར་ཨིན་རུང་ ད་ཚུན་གྱི་བར་ན་ མི་གྲངས་ ༨༩ ལུ་ ཤི་རྐྱེན་དང་ ༢༦༣ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ སྒྲིང་ཁྱིམ་ ༢༠༠ དེ་ཅིག་ཡང་ རྫས་བམ་གྱིས་ གཏོར་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1611
Users Yesterday : 4443
This Month : 96498
This Year : 392464
Total Users : 1104280
Views Today : 2457
Total views : 3081087
Who's Online : 33