མའུ་རི་ཊ་ནི་ཡ་ལུ་ མི་གྲངས་ ༡༥ ལུ་ ཤི་རྐྱེན་དང་ ༡༩༥ ལྷགཔ་ཅིག་བྱང་སྟོར།

སི་ཨེན་ཨེན།
སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ རྒྱལ་སྤྱི་གནས་སྤོ་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མའུ་རི་ཊ་ནི་ཡའི་རྒྱལ་ས་ ནའུ་ཨག་ཅོཊ་གི་ ཉེ་འདབས་ལུ་ གནས་སྤོ་འགྱོ་མི་ཚུ་གི་གྲུ་ཅིག་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་པའི་ཁར་ ༡༩༥ ལྷགཔ་ཅིག་ཡང་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ མའུ་རི་ཊེ་ནི་ཡའི་ མཚོ་འགྲམ་སྲུང་རྒྱབ་ཀྱིས་ གྲུ་དེ་ མགོ་མཇུག་ལོག་སྟེ་ འགྱོ་བའི་ཤུལ་ལས་ བདག་འཛིན་པ་མེད་མི་དང་ ཁ་བྱལ་འགྱོ་མི་ ཨ་ལོ་ཚུ་བརྩིས་ཏེ་ མི་གྲངས་ ༡༢༠ དེ་ཅིག་ ཉེན་སྐྱོབ་འབད་ནུག།
རྐྱེན་ངན་དེ་ནང་ བྱང་སྟོར་ཤོར་མི་ཚུ་ འཚོལ་ཞིབ་འབད་བའི་བསྒང་ར་ཡོདཔ་ད་ རྒྱལ་སྤྱི་གནས་སྤོ་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་མཚོའི་ནང་ དེ་སྦེ་ གློ་བུར་དུ་ ཤི་རྐྱེན་བྱུང་མི་དང་ བྱང་སྟོར་ཤོར་མི་ལུ་ སེམས་ཕམ་སྦོམ་ཡོད་ཟེར་ཨིན་པས།
གནས་སྤོ་འགྱོ་མི་ཚུ་ གམ་བི་ཡ་ལུ་ ཉིན་གྲངས་ ༧ གྱི་ ཧེ་མ་ལས་ གྲུ་ནང་འཛུལ་ཡོད་རུང་ རྒྱལ་སྤྱི་གནས་སྤོ་ལས་ཚོགས་ཀྱིས་ ཤི་རྐྱེན་བྱུང་མི་ཚུ་གི་ མི་ཁུངས་དང་ གྲུ་མགོ་མཇུག་ལོག་སྟེ་ འགྱོ་མིའི་སྐོར་ལས་ ཁ་གསལ་སྦེ་ བཤད་ནི་མིན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: