ཀ་མ་ལ་ཧ་རིཛ་གིས་ ནེ་ཏ་ནི་ཡ་ཧུ་ལུ་ ག་ཟའི་སྡུག་སྦྱོང་ མར་ཕབ་འབད་གོ་པའི་ནན་སྐུལ།

རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་གི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་གིས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་ལུ་ ག་ཟ་ལུ་ པེ་ལིཛ་ཊིན་ མི་སེར་ཚུ་གི་ སྡུག་སྦྱོང་མར་ཕབ་ཀྱི་དོན་ལས་ དམག་འཁྲུག་མཚམས་འཇོག་འབད་དགོ་པའི་ ནན་སྐུལ་འབད་ནུག།
ཀ་མ་ལ་ཧ་རིཛ་དེ་ སྲིད་འཛིན་བ་ཡེ་ཌེན་གྱིས་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ གྲལ་གཏོགས་མི་འབད་ནི་སྦེ་ རྒྱབ་བཤུད་རྐྱབ་པའི་ཤུལ་ལུ་ ཌེ་མོ་ཀེ་རེ་ཊིག་ སྲིད་ཚོགས་ཀྱི་ཁ་ཐུག་ལས་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ འཐོན་ནི་བཟུམ་ཅིག་ཡོདཔ་ད་ མོ་གིས་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཟླ་ངོ་ ༩ ལང་མི་ ཕྱད་མདའ་དང་འབྲེལ་བའི་ འགྲོ་བ་མིའི་དཀའ་སྡུག་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་ བཤད་ཡོདཔ་ཨིན་པས།
ཀ་མ་ལ་ཧ་རིཛ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ སྲིད་འཛིན་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ནེ་ཏ་ནི་ཡ་ཧུ་དང་གཅིག་ཁར་ འབྲེལ་བ་ཚུ་ སྔར་བ་ལྷག་སྟེ་ ནན་སྐུལ་ཅན་སྦེ་ར་ འོང་ནི་བཟུམ་ཅིག་ཡོདཔ་མ་ཚད་ བརྟག་དཔྱད་མཁས་མཆོག་ཚུ་གིས་ཡང་ འཛམ་གླིང་དབུས་ཕྱོགས་ནང་ ཡུ་ཨེཛ་དང་ ཨིཛ་རེལ་གྱི་བར་ན་ མཉམ་རོགས་ཀྱི་ འབྲེལ་བ་དམ་ཟབ་ཡོདཔ་ལས་ ཕན་ཚུན་སྲིད་བྱུས་ལུ་ འགྱུར་བ་མི་འོང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: