
བི་བི་སི།
ཏཱ་ཡེ་ཝཱན་དང་ ཕི་ལི་པིན་ལུ་ རླུང་འཚུབ་ཀྱིས་ ཤི་རྐྱེན་བྱུང་པའི་ཤུལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ རྒྱ་ནག་གི་ ཤར་ལྷོ་མངའ་སྡེ་ ཕུ་ཇི་ཡན་གྱི་ མི་སེར་ ༡༥༠,༠༠༠ ལྷགཔ་ཅིག་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ནུག།
དེ་ཡང་ རླུང་འཚུབ་ལུ་བརྟེན་ཏེ་ ཏཱ་ཡེ་ཝཱན་དང་ ཕི་ལི་པིནཛ་ལུ་ ཆུ་རུད་དང་ ས་རུད་ཐོན་ཏེ་ མི་གྲངས་ ༢༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ བཟོ་གྲྭའི་ས་སྣུམ་ ལི་ཊར་ས་ཡ་ ༡.༥ འབག་མི་ གྲུ་ཆུང་ཅིག་ཡང་ ཕི་ལི་པིནཛ་གི་ རྒྱ་མཚོའི་མཐའ་མར་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་ནག་གི་ བྱང་ཕྱོགས་ལུ་ཡང་ ཆརཔ་ཤུགས་སྦེ་རྐྱབ་ལས་ ས་རུད་དང་ ཆུ་རུད་ཐོན་ནི་དེ་གིས་ རྒྱ་ནག་གི་ས་གནས་ ཕུ་ཅིན་ཟེར་སར་ རེ་ལིའི་ཞབས་ཏོག་ཚུ་ མཚམས་འཇོག་འབད་བའི་ཁར་ རང་བཞིན་རྐྱེན་ངན་ཚུ་ འབྱུང་ནི་གི་ ཉེན་ཁ་ཡོད་པའི་སྐོར་ལས་ ཉེན་བརྡ་ཚུ་ཡང་འབད་ནུག།
དེ་མ་ཚད་ ཏཱ་ཡེ་ཝན་གྱི་ བྱང་ཕྱོགས་རྒྱ་མཚོའི་མཐའ་མར་ ཏཱན་ཟི་ནི་ཡའི་ རྒྱལ་དར་འབག་མི་ སྐྱེལ་འདྲེན་གྲུ་གཟིངས་ཅིག་ མགོ་མཇུག་ལོག་སྟེ་ འགྱོ་བའི་ཤུལ་ལུ་ བར་མ་ལས་ཨིན་མི་ གྲུ་གཡོགཔ་ ༦ ཡང་ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
ད་ཚུན་གྱི་རིང་ལུ་ མཚོ་གྲུའི་ལས་བྱེདཔ་ ༣ སྲོག་སྐྱབས་འབད་ཡོད་རུང་ རླུང་མ་ཤུགས་ཅན་དང་ རྒྱ་མཚོའི་རྦ་རླབས་ལུ་བརྟེན་ཏེ་ སྲོག་སྐྱབས་འབད་ནི་ལུ་ ཐོ་ཕོག་དོ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ ད་རུང་ མཚོ་གླིང་དེ་གི་ ཉེ་འདབས་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ གྲུ་ཆེན་ ༥ ཡང་ རྒྱ་མཚོ་དེ་གི་ཉེ་འདབས་ལུ་ ལྷོད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1413246
Views Today :
Total views : 5000
Who's Online :