ཨིཛ་རེལ་གྱིས་ སློབ་གྲྭ་གཅིག་གུ་ གནོད་འཚུབ་བཀལ་མིའི་ནང་ པེ་ལིཛ་ཊིན་གྱི་ མི་སེར་ ༩༠ དེ་ཅིག་ལུ་ཤི་རྐྱེན།

སི་ཨེན་ཨེན།
སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ སློབ་གྲྭ་ཅིག་ལུ་ གནོད་འཚུབ་བཀལཝ་ད་ པེ་ལིཛ་ཊིན་གྱི་ མི་སེར་ ༩༠ དེ་ཅིག་ དམར་བསད་འབད་ནུག།
དེ་ཡང་ སྡོད་ས་མེད་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ བཞག་སྟེ་ཡོད་སར་ གནོད་འཚུབ་བཀལ་ཡོད་མི་དེ་ ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་ཡང་ སློབ་གྲྭ་དེ་ཁར་ གནོད་འཚུབ་བཀལ་ཡོདཔ་སྦེ་ ངོས་ལེན་འབད་ཡོདཔ་ཨིན་པས།
ཨིཛ་རེལ་ དམག་སྡེ་གིས་འབད་བ་ཅིན་ སློབ་གྲྭའི་སྒྲིང་ཁྱིམ་ནང་ ཧ་མཱཛ་གི་ དམག་མིའི་འགོད་པོན་ཚུ་ གཡིབ་སྡོད་དོ་ཡོདཔ་ལས་ ཁོང་ལུ་ གནོད་འཚུབ་མ་བཀལ་བའི་ཧེ་མ་ ཞི་བའི་མི་སེར་ལུ་ གནོད་པ་མི་འབྱུང་ནི་གི་ ཐབས་ཤེས་ཚུ་ཡང་ བསྒྲིགས་ཅི་ཟེར་སླབ་ནུག།
ཨིཛ་རེལ་གྱིས་ སློབ་གྲྭ་ཚུ་གུ་ ད་རེས་ གནོད་འཚུབ་བཀལ་མི་དེ་ ཐེངས་ ༦ པ་ཨིནམ་ད་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་པའི་ ཡིག་ཚང་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ལུ་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: