
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ཨིཛ་རེལ་གྱི་ བཙན་དབང་ཐོག་ལུ་ཡོད་མི་ ས་གནས་ཝེཛ་བེང་ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་ཏེ་ ཉིན་གྲངས་ ༨ སོང་ཡོདཔ་ད་ ས་གནས་ཇེ་ནིན་ཟེར་སར་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༣༣ དམར་བསད་དང་ ༡༣༠ ལུ་ རྨ་བཏོན་ཁྲག་བཏོན་འབད་ནུག།
དེ་ཡང་ མི་སེར་ཚུ་ སྐྱབས་བཅོལ་ཐོག་ལུ་སྡོད་མི་ ན་མཱ་མཐོ་རིམ་སློབ་གྲྭའི་ སྒྲིང་ཁྱིམ་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༦ དམར་འབད་བའི་ཁར་ གཞན་མི་ལེ་ཤ་ཅིག་ཡང་ སྒྲིང་ཁྱིམ་རམ་བཏང་མིའི་འོག་ལུ་ ཚུད་ཡོདཔ་ཨིན་པས།
དེ་མ་ཚད་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ དེར་ཨེལ་བ་ལ་ སྨན་ཁང་གི་ ཉེ་འདབས་ལུ་ཡང་ མི་གྲངས་ ༤༣ དམར་བསད་དང་ ཨ་ལོ་ ༥ ལུ་ རྨ་སྐྱོན་བྱུང་ནུག།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་དམག་སྡེ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ ཨིཛ་རེལ་གྱི་ མི་སེར་ ༡,༡༣༩ དེ་ཅིག་ དམར་བསད་འབདཝ་ལས་ ཨིཛ་རེལ་གྱིས་ ཧ་མཱཛ་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ མི་གྲངས་ ༤༠,༨༡༩ དེ་ཅིག་ དམར་བསད་དང་ མི་གྲངས་ ༩༤,༢༩༡ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 2397
Users Yesterday : 4443
This Month : 97284
This Year : 393250
Total Users : 1105066
Views Today : 3643
Total views : 3082273
Who's Online : 29