
སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཆུ་ཁ་བཀྲིས་དགའ་ཚལ་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ སྐྱེས་ལོ་ ༥༥ ལས་ ༧༥ གི་བར་ན་འབད་མི་ཚུ་གི་ ཉིན་གྲངས་ ༡༠ གྱི་ དམིགས་བསལ་བདེ་སྲུང་སྦྱོང་བརྡར་ ཐེངས་ ༦༦ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
སྦྱོང་བརྡར་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ འགོ་བཙུགས་ཡོདཔ་ད་ རྒྱལ་ཁབ་ཀྱི་ ས་གནས་ཁག་གི་ནང་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཐེངས་ ༦༥ པ་དང་ དུས་མཉམ་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ད་རེས་ཀྱི་ དམིགས་བསལ་སྦྱོང་བརྡར་ནང་ ཕོ་སྐྱེས་ ༨༤ དང་ ཨམ་སྲུ་ ༡༣ འབདཝ་ད་ མི་གྲངས་བསྡོམས་ ༩༧ གྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ སྦྱོང་བརྡར་དེ་ མི་སེར་རྒན་ཤོས་ཚུ་གིས་ ཞུ་བ་འབདཝ་བཞིན་དུ་ འགོ་བཙུགས་ནུག།
ལུས་སྦྱོང་གི་ཐེད་ཁར་ བདེ་སྲུང་གི་ རྩ་གཞུང་ལྟར་དུ་ གནད་དོན་གཙོ་བོ་ཚུ་ བདག་བཟུང་ཐོག་ལས་ རྒན་ཤོས་ཚུ་གི་དོན་ལུ་ འོས་འབབ་ཅན་གྱི་ བདེ་སྒྲིག་འབད་དེ་ཡོདཔ་ཨིན་པས།
མི་དབང་་མཆོག་གིས་ མི་སེར་རྒན་ཤོས་ཚུ་གིས་ བདེ་སྲུང་སྦྱོང་བརྡར་ནང་ གྲལ་གཏོགས་འབད་ནི་གི་ དང་འདོད་བསྐྱེད་མི་ལུ་ བཀྲིན་བདེ་ལེགས་ཡོད་ལུགས་ གསུངས་གནངམ་མ་ཚད་ ཁོང་གི་ཤེས་རབ་དང་ ཉམས་མྱོང་ཚུ་གིས་ བདེ་སྲུང་བཟའ་ཚང་ལུ་ ཁེ་ཕན་འབྱུང་ནི་ཨིནམ་སྦེ་ཡང་ གསུངས་གནང་ཡོད་པའི་གནས་ཚུལ།





Users Today : 613
Users Yesterday : 4443
This Month : 95500
This Year : 391466
Total Users : 1103282
Views Today : 1019
Total views : 3079649
Who's Online : 26