
བི་བི་སི།
གནམ་གྲུ་བོ་ཨིང་ བཟོ་བསྐྲུན་ལས་སྡེའི་ ལས་གཡོགཔ་ ༣༣,༠༠༠ དེ་ཅིག་གིས་ ཟླ་ངོ་ ༡ གི་རིང་ལུ་ གླ་ཆ་ཡར་སེང་གི་དོན་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་དེ་ སྒྲིག་ཆ་བཟོ་མ་ཚུགས་པའི་བར་ན་ ལས་སྡེ་དེ་གིས་ ལཱ་གཡོག་གི་ ས་སྟོང་ ༡༧,༠༠༠ ཆ་མེད་གཏང་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་སྦེ་ ཆ་མེད་གཏང་ནི་ཨིན་མི་ ལཱ་གཡོག་གི་ ས་སྟོང་ཚུ་ནང་ བཀོད་ཁྱབ་དང་ འཛིན་སྐྱོང་ དེ་ལས་ ལས་གཡོགཔ་གཞན་ཚུ་གི་ སྡེ་རིམ་ཚུ་ ཚུད་དོ་ཡོདཔ་ད་ གསལ་བསྒྲགས་དེ་དང་འཁྲིལ་ཏེ་ ལས་གཡོགཔ་ལེ་ཤ་ཅིག་ ཕྱིར་གཏོན་དང་བསྟུན་ཏེ་ དྲག་པོའི་ལག་ཆ་དང་ གནམ་གྲུ་ཚུ་ བཟོ་བསྐྲུན་འབད་ནི་གི་ དུས་ཚོད་ཚུ་ཡང་ ཕར་འཕུལ་འབད་དགོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཡུ་ཨེཛ་སྤྱི་ཚོགས་ཀྱིས་ཡང་ བོ་ཨིང་ལས་སྡེ་དེ་ བལྟ་ཞིབ་ཐོག་ལུ་ཡོདཔ་ད་ དེ་ཡང་ མདང་ཞག་ བོ་ཨིང་གནམ་གྲུ་ཅིག་ནང་ འཕྲུལ་ཆས་སྐྱོན་ཞུགས་ལུ་བརྟེན་ཏེ་ གནམ་ཐང་ལས་ འཕུར་ཚརཝ་ཅིག་ མེདཔ་ཤོར་ནི་དེ་གིས་ཨིན་པས།
རྒྱལ་སྤྱིའི་གནམ་གྲུའི་ གནས་ཚད་བརྟག་དཔྱད་ལས་སྡེ་ ཨེཛ་ཨེན་པི་ཟེར་མི་གིས་ཡང་ བོ་ཨིང་བཟོ་བསྐྲུན་གྱི་ སྤུས་ཚད་དེ་ མར་འབབ་འགྱོ་དོ་བཟུམ་ཅིག་ཡོད་པའི་ བརྡ་སྟོན་འབདཝ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392745
Views Today :
Total views : 5000
Who's Online :