
ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་གི་རྒྱལ་རབས་ལྔ་པའི་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༦ འཁོར་བའི་ དུས་སྟོན་རྟེན་འབྲེལ་འདི་ཁར་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་དང་ མི་རྗེ་བློན་ཆེན་གྱིས་ དབུ་གཙོས་པའི་ ཚོགས་ཀྱི་སློབ་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཁྲིམས་སྤྱི་བློན་པོ་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ཚུ་གིས་ མི་དབང་མངའ་ཞབས་མཆོག་ སྐུ་ཚེ་ཞབས་པད་བསྐར་བརྒྱར་བརྟན་ཏེ་ འབྲུག་མི་ཡོངས་ཀྱི་ སྐྱབས་མགོན་ལུ་ བཞུགས་ནིའི་དོན་ལས་ མཆོད་མེ་དང་ ཞབས་བརྟན་ཚུ་ ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།




Users Today :
Users Yesterday :
This Month :
This Year :
Total Users : 1396431
Views Today :
Total views : 5000
Who's Online :