
ཨེན་ཌ་ི་ཝི།
རྒྱ་ནག་གིས་ བོད་ཀྱི་རི་ཐང་ལུ་ འཛམ་གླིང་ནང་ གློག་མེའི་ཆུ་མཛོད་ཁང་སྦོམ་ཤོས་ཅིག་ བཟོ་བསྐྲུན་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ དེ་བཟུམ་མའི་ ལས་འགུལ་སྦོམ་ བཟོ་སྐྲུན་འབད་ནི་ཨིན་མི་དེ་གིས་ ཆུ་མཇུག་ལུ་ཡོད་མི་ རྒྱ་གར་དང་ བང་ལ་དེཤ་ རྒྱལ་ཁབ་ཀྱི་ མི་སེར་ས་ཡ་ལས་བཅད་མི་ཚུ་ལུ་ གནོད་སྐྱོན་འབྱུང་ནི་མས་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༠ ལུ་ རྒྱ་ནག་གི་ གློག་མེ་བཟོ་སྐྲུན་ལས་འཛིན་གྱིས་ ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ ཡར་ཀླུང་བཟང་པོའི་ གཙང་ཆུ་ཁ་ཐུག་ལུ་ བཟོ་སྐྲུན་འབད་ནི་ཨིན་མི་ ཆུ་མཛོད་ཁང་དེ་གིས་ ཉིན་བསྟར་བཞིན་དུ་ གློག་མེ་ཀི་ལོ་ཝཱཊ་ ཐེར་འབུམ་ ༣༠༠ དེ་རེ་ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་སྦེ་བཀོད་ནུག།
ད་རེས་ནངས་པར་ འཛམ་གླིང་ནང་ ཆུ་མཛོད་ཁང་སྦོམ་ཤོས་ཅིག་ཨིན་མི་ དབུས་ཕྱོགས་རྒྱ་ནག་ལུ་ བཟོ་བསྐྲུན་འབད་དེ་ཡོད་མི་ ཆུ་མཛོད་ཁང་གི་ ཐོན་ཤུགས་དེ་ ཀི་ལོ་ཝཱཊ་ ཐེར་འབུམ་ ༨༨.༢ འབད་མི་ལས་ གསུམ་ལྟབ་ལྷགཔ་ཅིག་ ཡར་སེང་འགྱོ་ནི་ཨིན་པས།
ལས་འགུལ་དེ་གིས་ རྒྱ་ནག་གི་ ནག་རླུང་མཐོ་ཚད་དང་ ནག་རླུང་བར་མའི་ དམིགས་ཡུལ་ཚུ་ འགྲུབ་ཚུགས་ནི་ཨིན་པའི་གུ་ བཟོ་རིག་བཟུམ་མའི་ འབྲེལ་ཡོད་བཟོ་གྲྭ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐོག་ལས་ བོད་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ཡང་ ཕན་ཐོགས་ཡོདཔ་སྦེ་བཀོད་ནུག།
བཟོ་རིག་དང་ ཆུ་མཛོད་ཁང་ བཟོ་སྐྲུན་གྱི་དོན་ལུ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༣༤.༨༣ དེ་ཅིག་ ཟད་འགྲོ་གནས་ནི་ཨིན་མི་ ལས་འགུལ་དེ་གིས་ མི་སེར་ས་ཡ་ ༡.༤ དེ་ཅིག་ གཞིས་གསར་ཆགས་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436863
Views Today :
Total views : 5000
Who's Online :