
ཨེ་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༤ ལུ་ འཛམ་གླིང་ནང་ ལོ་ན་རྒས་ཤོས་ཨིན་མི་ རྒྱ་པཱན་གྱི་ཨམ་སྲུ་ ཊོ་མི་ཀོ་ ཨི་ཊུ་ཀ་ཟེར་མི་དེ་ སྐྱེས་ལོ་ ༡༡༦ གི་ཐོག་ལུ་ གྱོངས་ཡོདཔ་སྦེ་ མོ་ར་སྡོད་སའི་ཁྲོམ་སྡེ་ ཨ་ཤི་ཡ་ལས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཨ་ལོ་ ༤ དང་ དི་བུ་དི་བུམོ་ ༥ ཡོད་མི་ ཨང་རྒས་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ རྒན་སྐྱོང་ཁྱིམ་ནང་སྦེ་ གྱོངས་ཡོད་པའི་སྐོར་ལས་ ལྷོ་ཕྱོགས་ཁྲོམ་སྡེའི་ ཁྲོམ་དཔོན་གྱིས་ གསལ་བསྒྲགས་འབད་ཡོདཔ་ད་ ཨང་རྒས་ཨི་ཊུ་ཀ་དེ་ སྤྱི་ལོ་ ༢༠༡༩ ལས་ རྒན་སྐྱོང་ཁྱིམ་ནང་ སྤོ་བཤུད་འབད་ནུག།
ཨང་རྒས་དེ་ སྤྱི་ལོ་ ༡༩༠༨ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༢༣ ལུ་ ཨ་ཤི་ཡའི་ ཉེ་འདབས་ལུ་ཡོད་མི་ ཨོ་ས་ཀ་ ཚོང་འབྲེལ་ལྟེ་བའི་ནང་ ཡུ་ཨེཛ་ལུ་ ཕོརཌ་མོ་ཌེལ་ཊི་ཟེར་མི་ གསར་བཏོད་མ་འབད་བའི་ ཟླཝ་ ༤ གི་ཧེ་མར་ སྐྱེས་ཡོདཔ་ཨིན་པས།
སི་པེན་ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༨ པའི་ནང་ སྐྱེས་ལོ་ ༡༡༧ འབད་མི་ མ་རི་ཡ་ བཱ་རཱན་ཡཛ་ མོ་རེ་ར་ཟེར་མི་ གྱོངས་པའི་ཤུལ་ལས་ ཨང་རྒས་ཨི་ཊོ་ཀ་དེ་ འཛམ་གླིང་ནང་ ལོ་ན་རྒས་ཤོས་ཨིན་པའི་ ངོས་འཛིན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 288
Users Yesterday : 1695
This Month : 40496
This Year : 220399
Total Users : 932215
Views Today : 1102
Total views : 2719811
Who's Online : 5