
སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ཡོད་མི་ ཧིལ་ཝིའུ་བཟའ་ཁང་གི་ འདྲེན་སྐས་ལས་ བུད་འགྱོ་བའི་ དོགས་པ་ཡོད་མི་ འབྲུག་པའི་བླམ་ཅིག་གི་ སྐུ་ཕུང་ཐོབ་ནུག།
དེ་ཡང་ སྤུ་ན་ཁ་རྫོང་ཁག་ གླིང་བུ་ཁ་ལས་ དགུང་ལོ་ ༤༤ བཞེས་མི་ སྤ་རོ་སྐྱིད་ལ་དགོན་པ་ སྒྲུབ་སྡེའི་སྒྲུབ་དཔོན་ བླམ་ཟླ་བ་ནོར་བུ་ཨིནམ་ད་ བླམ་དེ་ རྒྱ་གར་རྡོ་རྗེ་གདན་ལུ་ འབྲུག་མི་ ༧ འབད་མི་ སྡེ་ཚན་དང་གཅིག་ཁར་ གནས་སྐོར་ལུ་ བྱོན་ནི་སྦེ་ བཟའ་ཁང་དེ་ནང་ བཞུགས་ཡོདཔ་ཨིན་པས།
གནས་ཚུལ་བྱུང་ཁུངས་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ག་ར་ བཟའ་ཁང་ནང་ལས་ ཐོན་སོང་སྟེ་ ཕྱི་ཁར་ལྷོདཔ་ད་ བླམ་དེ་གི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ཁང་མིག་ནང་ ལུས་སོངཔ་ལས་ ལོག་ལེན་པར་ བྱོན་པའི་ཤུལ་ལུ་ སྐར་མ་ ༣༠ ལྷགཔ་ཅིག་བསྒུགས་རུང་ བྱོན་ནི་མེདཔ་ལས་ སྡེ་ཚན་དེ་ཡང་ ཐོག་ཚད་ ༣ པའི་ ཁང་མིག་ནང་ བལྟ་བར་འགྱོ་བའི་སྐབས་ལུ་ ཁང་མིག་དེ་ ལྡེ་མིག་རྐྱབ་སྟེ་ཡོདཔ་ལས་ ཆུ་ཚོད་ ༤ དང་ ༥ གི་བར་ན་ འཚོལ་ཞིབ་འབད་ནུག།
དེ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་བཞིན་དུ་ ཕུན་ཚོགས་གླིང་དང་ ཇའི་སྒང་གི་འགག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ སི་སི་ཊི་ཝི་ དཔར་ཆས་ལུ་ ཞིབ་དཔྱད་འབདཝ་ད་ བླམ་དེ་ ཁང་མིག་ནང་ལས་ ཐོན་བྱོན་ས་ མཐོང་ཡོད་རུང་ དེ་གི་ཤུལ་ལས་ སི་སི་ཊི་ཝི་ དཔར་ཆས་ནང་ མཐོང་མ་ཚུགསཔ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ བཟའ་ཁང་གི་འོག་ཁང་ནང་ལས་ བླ་མའི་སྐུ་ཕུང་དེ་ འདྲེན་སྐས་ཀྱིས་ སྐུ་གཟུགས་དང་ དབུ་ཚུ་ལུ་ སྨ་སྐྱོན་སྦོམ་སྦེ་ར་བཏོན་པའི་ ས་ཁ་ལས་ཕར་ ཐང་མར་བརྡལ་ཏེ་ཡོད་མི་ བླ་མའི་སྐུ་ཆས་ དངུལ་ཁུག་དང་ འཕྲུལ་འཕྲིན་ ངོ་སྤྲོད་ལག་ཁྱེར་ཚུ་ ཐོབ་ཡོད་པའི་གནས་ཚུལ།






Users Today : 180
Users Yesterday : 1695
This Month : 40388
This Year : 220291
Total Users : 932107
Views Today : 832
Total views : 2719541
Who's Online : 8