ལྷོ་ཀོ་རི་ཡའི་ གནམ་གྲུ་ཐང་ནང་ འགྲུལ་པ་ ༡༧༦ འབག་མི་ གནམ་གྲུ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ།

ཨེ་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༢༨ ཀྱི་ཕྱི་རོ་ ལྷོ་ཀོ་རི་ཡའི་ གནམ་གྲུ་ཐང་ནང་ འགྲུལ་པ་ ༡༧༦ འབག་མི་ གནམ་གྲུ་དེ་ མ་འཕུརཝ་ཅིག་ཁར་ གནམ་གྲུའི་མཇུག་མ་ལས་ མེ་འབར་ཡོད་རུང་ འགྲུལ་པ་དང་ ལས་བྱེདཔ་ཚུ་ག་ར་ ཉེན་སྲུང་དང་ལྡནམ་སྦེ་ ཕྱི་ཁར་བཏོན་ཚུགས་ནུག།
དེ་ཡང་ ལྷོ་ཀོ་རི་ཡའི་ ཤར་ལྷོ་ཁ་ཐུག་ལུ་ཡོད་མི་ གིམ་ཧེ་རྒྱལ་སྤྱི་གནམ་ཐང་ནང་ལས་ ཨེ་ཡར་བུ་སཱན་ གནམ་གྲུ་དེ་ འགྲུལ་པ་ ༡༦༩ དང་ ལས་བྱེདཔ་ ༧ འབག་སྟེ་ ཧོང་ཀོང་ལུ་ འཕུལ་འགྲུལ་མ་འབདཝ་ཅིག་ཁར་ མེ་རྐྱེན་བྱུང་ཡོདཔ་ལས་ འགྲུལ་པ་ཚུ་ ཕྱིར་བཏོན་འབད་བའི་སྐབས་ལུ་ མི་ ༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ཡང་ ལྷོ་ཀོ་རི་ཡའི་ མཱུན་རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཇེ་ཇུ་ཨེ་ཡར་ཟེར་མི་ སྐྱེལ་འདྲེན་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ གནམ་གྲུའི་ནང་ འགྲུལ་པ་ ༡༨༡ ཡོད་མི་ལས་ ༢ མ་གཏོགས་ གཞན་མི་ག་ར་ལུ་ ཤི་རྐྱེན་བྱུང་ནུག།
གནམ་གྲུ་བོ་ཡིང་ ༧༣༧-༨༠༠ དེ་ བེང་ཀོག་ལས་ འཕུར་འགྲུལ་འབད་དེ་ ལྷོ་ཀོ་རི་ཡའི་ གནམ་གྲུ་ཐང་ནང་ ཆགས་པའི་སྐབས་ལུ་ གནམ་གྲུ་རྒྱུག་ཐང་ལས་ འགྱེལ་ཏ་རྐྱབ་སྟེ་ ཐུག་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: