
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡༡ ལུ་ ཨཕ་གྷ་ནིཛ་ཏཱན་གྱི་ བྱང་ཤར་ཁ་ཐུག་ལུ་ཡོད་མི་ དངུལ་ཁང་ཅིག་གི་ཕྱི་ཁར་ རང་སྲོག་བཅད་མི་ཅིག་གིས་ གཟུགས་ཁར་རྫས་བམ་བསྡམས་ཏེ་ གས་བཅུག་པའི་ རྐྱེན་ངན་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག།
འགས་རྫས་དེ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨.༣༥ དེ་ཅིག་ཁར་ ཀཱུན་ཌུ་ཟི་མངའ་སྡེའི་ ཀ་བྷུལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་ སྦོ་ལོགས་ཁར་ གས་བཅུག་ཡོདཔ་ལས་ དངུལ་ཁང་གི་ སྲུང་རྒྱབ་དང་ མི་སེར་ ཏཱ་ལི་བྷན་ཚོགས་པའི་ འཐུས་མི་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ གཞན་མི་ ༧ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོད་རུང་ བྱ་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁ་བཟེད་མ་བཏུབ་པས་ཟེར་བཀོད་ནུག།
སྤྱི་ལོ་ ༢༠༢༡ ལུ་ གྱིས་ ཏཱ་ལི་བཱན་གྱིས་ དབང་ཚད་ཐོབ་པའི་ཤུལ་ལས་ ཨཕ་གཱན་ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ ངོ་རྒོལ་འབད་བཞིན་དུ་ཡོདཔ་ད་ མ་གཞི་ ཏཱ་ལི་བཱན་གྱི་ དབང་འཛིན་ཚུ་གིས་ གཡིབ་དམག་སྡེ་ཚན་དེ་ མང་ཤོས་ཅིག་ར་ བརླག་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3680
Users Yesterday : 3320
This Month : 94124
This Year : 390090
Total Users : 1101906
Views Today : 6244
Total views : 3077304
Who's Online : 23