ཨ་རབ་རྒྱལ་ཁབ་ཚུ་གི་གྲས་ལས་ ཇོར་ཌན་གྱི་རྒྱལཔོ་ ཨབ་དུ་ལ་མཆོག་གིས་ ཡུ་ཨེཛ་གི་ སྲིད་འཛིན་དང་མཇལ་ཕྲད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༢ པའི་ཚེས་ ༡༡ གི་ གནས་ཚུལ་ཅིག་ནང་ དུས་ཅི་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་སྲིད་འཛིན་གྱི་ གོ་གནས་བཞེས་པའི་ཤུལ་ལུ་ ཨ་རབ་རྒྱལ་ཁབ་ཚུ་གི་གྲས་ལས་ ཇོར་ཌན་གྱི་རྒྱལཔོ་ ཨབ་དུ་ལ་མཆོག་ སྲིད་འཛིན་ཊཱམ་དང་ མཇལ་ཕྲད་མཛད་མི་དེ་ འགོ་དང་པ་ཨིན་པས་ཟེརབཀོད་ནུག།
དེ་ཡང་ ཇོར་ཌཱན་གྱི་རྒྱལཔོ་ ཨབ་དུ་ལ་མཆོག་གིས་ ཡུ་ཨེཛ་གི་ སྲིད་འཛིན་དང་གཅིག་ཁར་ ཝ་ཡིཊ་ཧ་འུཛ་ནང་སྦེ་ འདས་པའི་བདུན་ཕྲག་ནང་ མཇལ་ཕྲད་མཛད་པའི་སྐབས་ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་ལུ་བརྟེན་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ གཞི་གནས་སྤོ་འགྱོ་དགོཔ་ ཐོན་ཏེ་ཡོད་མི་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་དེ་ ཡུ་ཨེཛ་གི་འོག་ལུ་ བཙུགས་ནིའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་གི་ སྲིད་འཛིན་མཆོག་གིས་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་མི་ལུ་བརྟེན་ཏེ་ མེདཔ་བཏང་མི་ ག་ཟའི་ཁྲོམ་ཚོགས་དེ་ ཡུ་ཨེཛ་གི་འོག་ལུ་བཙུགས་ཏེ་ གོང་འཕེལ་གཏང་ནི་དང་ ཁྲོམ་ཚོགས་དེ་ནང་ ཧེ་མ་ལས་སྡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ ཇོར་ཌཱན་རྒྱལ་ཁབ་ཀྱིས་ སྐྱབས་བཅོལ་བ་སྦེ་ ལེན་དགོཔ་སྦེ་བཤད་ནུག།
ཡུ་ཨེཛ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ཡོད་མི་ ཇོར་ཌན་རྒྱལ་ཁབ་དང་ ཨི་ཇིབ་རྒྱལ་ཁབ་ ༢ ཀྱིས་ དབང་བཙོག་ཐོག་ལས་ གཞི་གནས་སྤོ་བཅུག་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ སྐྱབས་བཅོལ་བ་སྦེ་ ལེན་མི་བཏུབ་དོ་ཡོདཔ་ཨིན་པས།
ཨིན་རུང་ ཇོར་ཊན་གྱི་ རྒྱལཔོ་མཆོག་གིས་ ཨ་རབ་རྒྱལ་ཁབ་ཚུ་གིས་ ག་ཟ་ཁྲོམ་ཚོགས་ཀྱི་དོན་ལུ་ འཆར་གཞི་བརྩམ་ནི་ཨིནམ་སྦེ་ བཤད་ཡོད་ལུགས་དང་ སྲིད་འཛིན་ཊཱམ་ལུ་ བསྟོདཔ་རྐྱབ་ནིའི་དོན་ལས་ འཛམ་གླིང་ཤར་དབུས་ཀྱི་ ལུང་ཕྱོགས་ནང་ སྲ་བརྟན་དང་ ཞི་བདེ་ ལོངས་སྤྱོད་ཚུ་ འབག་འོང་ཚུགས་མི་དེ་ སྲིད་འཛིན་ཊཱམ་ར་ཨིནམ་སྦེ་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: