
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ པ་ཀིཛ་ཏཱན་གྱི་ ས་གནས་ཀུ་ཡེ་ཊ་ལས་ པེ་ཤ་ཝ་ར་ལུ་ འགྲུལ་བསྐྱོད་འབད་མི་ རེ་ལི་ཅིག་ ངོ་རྒོལ་སྡེ་ཚན་ཅིག་གིས་ བཙན་ཁྲིད་འབད་མིའི་ནང་ལས་ པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་དམག་སྡེ་གིས་ འགྲུལ་པ་ ༡༢༧ སྲོག་སྐྱབས་འབད་ཡོདཔ་ད་ རེ་ལི་ཇ་ཕཱར་ཨེགཛ་པེ་རེཛ་དེ་ སི་བི་ཁྲོམ་ཁར་ཡོད་མི་ ས་དོང་ནང་གི་ རེ་ལི་ལམ་བདའ་སྟེ་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ བཙན་ཁྲིད་འབད་ནུག།
དེ་ཡང་ བ་ལོ་ཀིཛ་ཏཱན་ ལི་བ་རེ་ཤཱན་ ཨར་མི་ཟེར་མི་ ངོ་རྒོལ་སྡེ་ཚན་གྱིས་ རེ་ལི་བཙན་ཁྲིད་འབད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ སྡེ་ཚན་དེ་གིས་ བ་ལོ་ཀིཛ་ཏཱན་མངའ་སྡེ་དེ་ པ་ཀིཛ་ཏཱན་གྱི་ མངའ་འོག་ལས་ གཏང་དགོ་པའི་ ཐོབ་བརྗོད་བཀོད་དེ་ ངོ་རྒོལ་འབད་དོ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ པ་ཀིཛ་ཏཱན་གྱི་ འགོ་དཔོན་ཚུ་གིས་ ངོ་རྒོལ་སྡེ་ཚན་དེ་གི་ རྒྱབ་འགལ་ལུ་ བརྩོན་ཤུགས་ཚུ་ཡང་ མགུ་རྙོག་དྲགས་སྦེ་ ཐལ་ཏེ་ཡོད་ཟེར་ཨིནམ་ད་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ གསང་བའི་ཐོག་ལས་ ངོ་རྒོལ་དམག་མི་ ༢༧ དམར་བསད་འབད་ཡོདཔ་སྦེ་བཤད་ནུག།
བྱེལཝ་དེ་ནང་ རེ་ལིའི་དེད་གཡོགཔ་གིས་གཙོས་པའི་ ཉུང་ཤོས་ར་ འགྲུལ་པ་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ རེ་ལི་དེ་ནང་ འགྲུལ་པ་ ༤༠༠ དེ་ཅིག་ ལས་ ཧ་ལམ་ ༢༥༠ དེ་ཅིག་ ངོ་རྒོལ་དམག་སྡེའི་ འཛིན་བཟུང་ཐོག་ལུ་ ལུས་ཡོདཔ་ཨིན་པས།
ངོ་རྒོལ་སྡེ་ཚན་གྱིས་ འགྲུལ་པ་དག་པ་ཅིག་ འཛིན་བཟུང་ལས་ བཏང་ཡོད་མི་ཚུ་ རེ་ལི་ཐོན་འཛུལ་ས་ཁོངས་ཆུང་ཀུ་ཅིག་ནང་ བསྐྱལ་ཡོདཔ་ད་ སྲུང་སྐྱོབ་དམག་སྡེ་དང་ ངོ་རྒོལ་སྡེ་ཚན་གྱི་བར་ན་ ནང་འཁྲུག་ལངམ་ལང་ས་ར་ཡོདཔ་སྦེ་བཀོད་ནུག།
ངོ་རྒོལ་སྡེ་ཚན་གྱིས་ རེ་ལིའི་འགྲུལ་ལམ་ ཆ་ཤས་ཅིག་ རྫས་བམ་ཐོག་ལས་ གཏོར་བཏང་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ འབྲེལ་ཟིང་དེ་ནང་ སྲུང་སྐྱོབ་དམག་མི་ ༦ ཡང་ དམར་བསད་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1438776
Views Today :
Total views : 5000
Who's Online :