
བི་བི་སི།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ནང་འདྲེན་ཁྲལ་ཚད་ཚུ་ ཡར་སེང་འབད་མི་དེ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ གནོད་པ་བྱུངམ་ཨིན་རུང་ རྒྱལ་ཁབ་ལ་ལོ་ཅིག་ནང་ ཁེ་ཕན་གྱི་ གོ་སྐབས་ཐོབ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༩ ལས་ ཡུ་ཨེཛ་གིས་ རྒྱ་གར་གྱི་ ཅ་ཆས་ཚུ་ལུ་ ནང་འདྲེན་ཁྲལ་ བརྒྱ་ཆ་ ༢༧ རེ་ བཀལ་ནི་སྦེ་ཡོདཔ་ད་ ནང་འདྲེན་ཁྲལ་དེ་ ཡར་སེང་གི་ཧེ་མ་ སྤྱིར་སྙོམས་ཁྲལ་ཚད་དེ་ བརྒྱ་ཆ་ ༣.༣ རེ་ཡོད་མི་ལས་ རྒྱ་གར་གྱི་ ཅ་ཆས་ལུ་ བརྒྱ་ཆ་ ༡༧ རེ་ བཀལ་སྲོལ་ཡོདཔ་ཨིན་པས།
ཨིན་རུང་ ཡུ་ཨེཛ་གིས་ རྒྱ་ནག་ལུ་ ཁྲལ་ཚད་བརྒྱ་ཆ་ ༥༤ དང་ ཝེཊ་ནཱམ་ལུ་ བརྒྱ་ཆ་ ༤༦ དེ་ལས་ མཐའ་ཡས་ལེན་ལུ་ བརྒྱ་ཆ་ ༣༦ དང་ བང་ལ་དེཤ་ལུ་ བརྒྱ་ཆ་ ༣༧ རེ་ བཀལ་ནི་སྦེ་ཡོདཔ་ལས་ རྒྱ་གར་གྱི་ཅ་ཆས་ལུ་ བཀལ་ནི་སྦེ་ཡོད་མི་ ཁྲལ་ཚད་དང་བསྟུནམ་ད་ ཁོང་གི་ཐགས་རིགས་དང་ གློག་ཆས་ འཕྲུལ་ཆས་ཚུ་ བཟོ་བཏོན་འབད་ནི་ལུ་ ཁེ་ཕན་ཡོ་པའི་ གོ་སྐབས་འཐོབ་ནི་ཨིན་པས།
རྒྱ་ནག་དང་ བང་ལ་དེཤ་གི་ ཕྱིར་ཚོང་ལུ་ ཁྲལ་ཚད་མཐོ་དྲགས་སྦེ་ བཀལ་མི་དེ་གིས་ ཡུ་ཨེཛ་ལུ་ རྒྱ་གར་གྱིས་ ཐགས་རིགས་བཟོ་བཏོན་གྱི་ ཚོང་ལམ་རྒྱ་སྐྱེད་གཏང་ཚུགས་ནི་ཨིན་པས།
ཏཱ་ཡེ་ཝཱན་དེ་ གློག་ལེན་འཕྲུལ་ཆས་ཚུ་ བཟོ་བཏོན་འབད་ནིའི་ནང་ འགོ་ཁྲིད་འབད་མི་ཅིག་ཨིན་རུང་ རྒྱ་གར་གྱིས་ གཞི་རྟེན་མཁོ་ཆས་ བཙན་ཐབས་འབད་དེ་ སྲིད་བྱུས་ཀྱི་ རྒྱབ་སྐྱོར་ཚུ་འབད་བ་ཅིན་ སྒམ་རྐྱབ་ནི་དང་ བརྟག་དཔྱད་འབད་ནི་ དེ་ལས་ མཉེན་ཆས་བཟོ་བཏོན་ཚུ་ འབད་ཚུགས་ནི་མས་ཟེར་ཨིན་པས།
རྒྱ་ནག་དང་ མཐའ་ཡས་ལེན་གྱིས་ འགོ་ཁྲིད་འབད་དེ་ཡོད་མི་ འཕྲུལ་འཁོར་དང་ ཨ་ལོའི་རྩེད་ཆས་ཀྱི་ལས་སྡེ་ཚུ་ བསྐྱར་བཀོད་ཐོག་ལས་ རྒྱ་གར་ལུ་་ མ་རྩ་གཞི་བཙུགས་ཚུ་ འབད་བ་ཅིན་ ཐོན་སྐྱེད་ཡར་སེང་ཐོག་ལས་ ཕྱིར་ཚོང་འཐབ་ནི་ལུ་ གོ་སྐབས་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།






Users Today : 952
Users Yesterday : 6933
This Month : 65321
This Year : 294162
Total Users : 1005978
Views Today : 8213
Total views : 2924630
Who's Online : 5