
བི་བི་སི།
ཇར་མ་ནི་ལུ་ ཌོག་ཊར་ཅིག་གིས་ སྲོག་གཅོད་སྨན་རྫས་ཚུ་ ལག་ལེན་འཐབ་སྟེ་ ནདཔ་ ༡༥ དམར་བསད་འབད་ཡོད་པའི་ ཉེས་འཛུགས་བཀལ་ཐོག་ལུ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
དེ་ཡང་ བཱར་ལིན་གྱི་ ཁྲིམས་རྩོད་པ་ཚུ་གིས་ སྐྱེས་ལོ་ ༤༠ ལང་མི་ དོགས་པ་ཅན་ ཌོག་ཊར་ཕོ་སྐྱེས་དེ་གིས་ ཁོ་རའི་སྐྱོན་བསུབ་ཀྱི་དོན་ལས་ ཉམས་རྒུདཔ་ལ་ལོ་ཅིག་གི་ སྡོད་ཁྱིམ་ཚུ་གི་ ཁང་མིག་ནང་ཡང་ མེར་སྤར་ཡོད་པའི་ ཉེས་འཛུགས་བཀལ་ནུག།
ཌོག་ཊར་དེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པ་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པ་ཚུན་ལུ་ ཨམ་སྲུ་ ༡༢ དང་ ཕོ་སྐྱེས་ ༣ བསད་ཡོད་པའི་ ཉེས་འཛུགས་བཀལ་ཡོད་རུང་ ཁྲིམས་རྩོདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བ་ལྷགཔ་སྦེ་ བསད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཇར་མ་ནི་ལུ་ སྒེར་གྱི་ཁྲིམས་ལུགས་ དམ་དྲགས་ཡོད་མི་ལུ་བརྟེན་ མིང་མ་བཀོད་མི་ དྲུང་འཚོ་དེ་གིས་ ཉེས་འཛུགས་བཀལ་མི་ལུ་ ད་ཚུན་གྱི་བར་ན་ ངོས་ལེན་འབད་མ་བཏུབ་པའི་སྐོར་ལས་ ཁྲིམས་རྩོད་པ་ཚུ་གིས་ གསལ་བཤད་འབད་ནུག།
ཌོག་ཊར་ཕོ་སྐྱེས་དེ་གིས་ ནདཔ་ཚུ་ལུ་ ཤེས་རྟོགས་དང་ གནང་བ་མེད་པར་ སྨན་བཅོས་དང་ རྩ་རྒྱུས་བདེ་ཏོག་ཏོ་ བཟོ་ནི་གི་ སྨན་དེ་ཚུ་ བྱིན་ཡོད་པའི་ ཉེས་འཛུགས་ཚུ་ཡང་ བཀལ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ སྨན་དེ་ལུ་བརྟེན་ཏེ་ དབུགས་གཏོང་ལེན་གྱི་ རྩ་རྒྱུས་ཚུ་ སྤར་མ་ཚུགས་པར་ སྐར་མ་དག་པ་ཅིག་གི་ ནང་འཁོད་ལུ་ར་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག།
ཌོག་ཊར་དེ་གིས་ ཇར་མ་ནིའི་ མངའ་སྡེ་ལེ་ཤ་ཅིག་གི་ནང་ར་ ལཱ་འབད་ཡོདཔ་ད་ ཤི་རྐྱེན་བྱུང་མི་ཚུ་གི་ ལོ་ཚད་དེ་ སྐྱེས་ལོ་ ༢༥ ལས་ ༩༤ ཚུན་གྱི་བར་ན་ འོང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1390
Users Yesterday : 3875
This Month : 80945
This Year : 517938
Total Users : 1229754
Views Today : 2334
Total views : 3283048
Who's Online : 13