
སི་ཨེན་ཨེན།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་མངའ་སྡེའི་ནང་ ལྟ་བཤལཔ་ཚུ་ དམར་བསད་འབད་བ་ལུ་བརྟེན་ཏེ་ རྒྱ་གར་དང་ པཱ་ཀིཛ་ཏཱན་གྱི་བར་ན་ རྩོད་རྙོགས་ཐོན་ཏེ་ཡོདཔ་ལས་ རྒྱལ་སྤྱི་གནམ་གྲུའི་ལས་སྡེ་ཚུ་གིས་ པཱ་ཀིཛ་ཏཱན་ལུ་ འཕུར་འགྲུལ་འབད་ནི་ལས་ བཀག་དམ་འབད་ནུག།
དེ་ཡང་ ཕ་རཱནཛ་གིས་ གསལ་བསྒྲགས་འབད་མི་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་དང་ པཱ་ཀིཛ་ཏཱན་གྱི་ རྩོད་རྙོགས་ལུ་བརྟེན་ཏེ་ ཕ་རཱནཛ་གི་ རྒྱལ་དར་འབག་མི་ གནམ་གྲུ་ཚུ་ པ་ཀིཛ་ཏཱན་གྱི་ མཁའ་དབྱིངས་ལས་ འཕུར་འགྲུལ་འབད་ནི་དེ་ བཀག་དམ་འབད་ཡི་ཟེར་ཨིན་པས།
དེ་བཟུམ་མའི་ བཀག་དམ་འབད་མི་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ རྒྱ་གར་ཀཤ་མིར་གྱི་ གངས་རི་ཁྲོམ་སྡེ་ པ་ཧཱལ་གམ་ལུ་ པ་ཀིཛ་ཏཱན་གྱི་ གཡིབ་དམག་ཚུ་གིས་ བལྟ་བཤལཔ་ ༢༦ དམར་བསད་འབད་ཡོདཔ་ལས་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་དང་ པ་ཀིཛ་ཏཱན་གཉིས་ཆ་ར་གིས་ རྩོད་རྙོགས་དེ་ལུ་བརྟེན་ཏེ་ རྒྱལ་ཁབ་ཕན་ཚུན་གྱི་ གནམ་གྲུ་ཚུ་ མཁའ་དབྱིངས་ཕན་ཚུན་ལས་ འཕུར་འགྲུལ་འབད་མ་ཆོག་པའི་ བཀག་དམ་ཡང་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།
རྒྱལ་སྤྱི་གནམ་གྲུའི་ གནད་སྡུད་དང་འཁྲིལཝ་ད་ བི་རི་ཊིཤ་གི་ གནམ་གྲུ་དང་ སུ་ཡིཛ་རྒྱལ་སྤྱི་གནམ་གྲུ་ ཨི་མི་རེཊཛ་གི་ གནམ་གྲུ་ཚུ་ཡང་ པ་ཀིཛ་ཏཱན་གྱི་ མཁའ་དབྱིངས་ལས་ འཕུལ་འགྲུལ་འབད་ནི་ བཀག་དམ་འབད་ཡོདཔ་སྦེ་བཀོད་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནིའོ་ གུ་ཊར་རེཛ་གིས་ རྒྱ་གར་དང་ པཱ་ཀིཛ་ཏཱན་གྱི་ རྒྱལ་ཁབ་གཉིས་ཆ་ར་ལུ་ དམག་སྡེའི་གདོང་ལན་ཚུ་ བཀག་འཛིན་འབད་དགོ་པའི་ ནན་སྐུལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།