
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༥ པའི་ཚེས་ ༡༠ གྱི་ དྲོ་པ་ཁམས་ཅིག་ཁར་ པ་ཀིཛ་ཏཱན་གྱི་ མཁའ་དམག་གཞི་རྟེན་ ༣ གྱི་ནང་ རྫས་བམ་ཤུགས་ཅན་ཚུ་ འགས་པ་ལུ་བརྟེན་ཏེ་ པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ཀྱི་ ཉེ་འདབས་ལུ་ གཞི་བཙུགས་འབད་མི་ གནད་འགག་ཅན་ཚུ་གིས་གཙོས་པའི་ གནམ་གྲུ་ཐང་ཚུ་ སྒོ་བསྡམས་དགོཔ་བྱུང་ནུག།
པ་ཀིཛ་ཏཱན་གཞུང་གིས་ དེ་སྦེ་ སྒོ་བསྡམས་མི་དེ་ཡང་ ཞི་བའི་མི་སེར་དང་ ཚོང་འབྲེལ་འཐབ་མི་ཚུ་ རྒྱུན་འབྲེལ་འཐབ་ས་འབད་ནི་དེ་གིས་ཨིནམ་ད་ དེ་བཟུམ་སྦེ་ རྒྱ་གར་གྱིས་ པ་ཀིཛ་ཏཱན་གྱི་ མཁའ་དམག་ཌཱོན་ཚུ་ གཏོར་བཏང་པའི་ཤུལ་ལས་ ཤྲཱི་ན་གར་ལུ་ཡང་ རྫས་བམ་ལེ་ཤ་ཅིག་འགས་པའི་ སྐད་གོ་ཡི་ཟེར་ཨིན་པས།
རྫས་བམ་དེ་ཚུ་ ཨིཛ་ལ་མ་བཱད་ལས་ ཀི་ལོ་མི་ཊར་ ༡༠ དེ་ཅིག་གི་ས་ཁར་ དམག་སྡེའི་ཡིག་ཚང་ལྟེ་བའི་ ཉེ་འདབས་ལུ་ཡོད་མི་ ནུར་ཁཱན་མཁའ་དམག༌ གཞི་རྟེན་གྱིས་གཙོས་པའི་ མཁའ་དམག་ལས་སྡེ་ ༣ གྱི་ནང་ འགས་ཡོདཔ་སྦེ་ པ་ཀིཛ་ཏཱན་ དམག་སྡེ་གིས་ གསལ་བཤད་འབད་ནུག།
ནུར་ཁཱན་གཞི་རྟེན་དེ་ ཅ་ལ་ལ་ མཁའ་དམག་གཞི་རྟེན་ཟེར་ མཁའ་དམག་ལག་ལེན་དང་ ཆེ་མཐོའི་སྐུ་མགྲོན་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ ག་ནི་བ་ གལ་ཆེ་བའི་ དམག་སྡེའི་ས་ཁོངས་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 63
Users Yesterday : 1507
This Month : 15223
This Year : 150912
Total Users : 862728
Views Today : 70
Total views : 2529350
Who's Online : 7