
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ནང་ ལོ་ ༡ ལྷགཔ་ཅིག་གི་ ནང་འཁོད་ལུ་ དུས་ཚོད་རྫོགས་མི་ གོ་མཚོན་ཚུ་ བཀོ་བཞག་སར་ འགས་སོངཔ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག།
དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་ཡང་ ཞི་བའི་མི་སེར་ ༩ དང་ དམག་མི ༤ ཨིནམ་ད་ དེ་ཡང་ གོ་མཚོན་ཚུ་ འགས་པ་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ དམག་མིའི་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།
མ་གཞི་ དེ་བཟུམ་མའི་ འགས་རྫས་ཚུ་ དུས་རྒྱུན་བཀོ་སའི་ ས་ཁོངས་ནང་ བཀོ་བཞག་པའི་ཤུལ་ལས་ ས་གནས་ཀྱི་ མི་སེར་ཚུ་ འགས་རྫས་བཀོ་སའི་ ས་ཁོངས་ནང་ ཅ་ཆས་རྙིངམ་ཚུ་ བསྡུ་ལེན་འབད་བར་ འཛོམས་སྡོད་པའི་བར་ན་ འགས་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ ན་ཧིང་ཡང་ སྤྱི་ཟླ་ ༣ པའི་ནང་ ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ ཇ་ཀར་ཏའི་ ཉེ་འདབས་ལུ་ དུས་ཚོད་རྫོགས་མི་ གོ་མཚོན་ཆ་ཚུ་ གསོག་འཇོག་འབད་སའི་ ས་ཁོངས་ནང་ མེ་རྐྱེན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1272
Users Yesterday : 3875
This Month : 80827
This Year : 517820
Total Users : 1229636
Views Today : 2141
Total views : 3282855
Who's Online : 14