
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ པ་ཀིཛ་ཏཱན་དང་གཅིག་ཁར་ ཨོ་པི་རེ་ཤཱན་ སིན་དུར་ཟེར་མི་ དམག་འཁྲུག་ལང་མིའི་སྐོར་ལས་ རྒྱལ་ཡོངས་ལུ་ གསུང་བཤད་ཅིག་ གནང་ཡོདཔ་ཨིན་པས།
དེ་བསྒང་ བློན་ཆེན་མོ་དི་མཆོག་གིས་ དུས་ཡུན་སྐར་མ་ ༢༢ ཀྱི་རིང་ལུ་གནང་མི་ གསུང་བཤད་ནང་ ཨོ་པི་རེ་ཤཱན་ སིན་དུར་ཟེར་མི་ དམག་འཁྲུག་དེ་ གནས་སྐབས་ཅིག་ མཚམས་འཇོག་འབདཝ་མ་གཏོགས་ མཇུག་བསྡུཝ་མིན་ཟེར་གསུངས་ནུག།
ད་རེས་ པ་ཀིཛ་ཏཱན་གྱིས་ འཇིགས་སྐུལ་དང་ བྱ་ངན་ཚུ་མི་འབད་ནི་གི་ ཁས་བླངས་འབད་བའི་ཤུལ་ལུ་ མཚམས་འཇོག་འབད་ཡོདཔ་ལས་ ག་དེམ་ཅིག་སྦེ་ པ་ཀིཛ་ཏཱན་གྱིས་ ཁས་བླངས་དེ་ལུ་ མ་གནས་པའི་ གནད་རེ་འཐོན་པ་ཅིན་ དེ་འཕྲལ་ལས་ ངན་ལན་འཇལ་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༧ ལས་ ༡༠ ཚུན་ ཉིན་གྲངས་ ༤ གི་རིང་ལུ་ རྒྱ་གར་གྱིས་ པ་ཀིཛ་ཏཱན་དང་ པ་ཀིཛ་ཏཱན་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཇམ་མུ་དང་ ཀཤ་མིར་གྱི་ ས་ཁོངས་ ༩ གི་ནང་ དམིགས་གཏད་བསྐྱེད་དེ་ མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོདཔ་བཀལ་ནུག།
རྒྱ་གར་གྱིས་ པ་ཀིཛ་ཏཱན་དང་གཅིག་ཁར་ དེ་བཟུམ་མའི་ དམག་འཁྲུག་ལང་དགོ་པའི་ གནད་དོན་གཙོ་བོ་ར་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ པ་ཀིཛ་ཏཱན་གྱི་ གཡིབ་དམག་ཚུ་གིས་ རྒྱ་གར་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་མངའ་སྡེའི་ བལྟ་བཤལ་ས་ཁོངས་ པ་ཧཱལ་གམ་ཟེར་སར་ བལྟ་བཤལཔ་ ༢༦ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།
ག་དེ་སྦེ་ཨིན་རུང་ པ་ཀིཛ་ཏཱན་གྱིས་ འཇིགས་སྐུལ་དང་ བྱ་ངན་ཚུ་མི་འབད་ནི་གི་ ཁས་བླངས་འབད་བའི་ཤུལ་ལུ་ ཕྱད་མདའ་དེ་ སྤྱི་ཟླ་ ༥ པའི་ཚེས་ ༡༡ ལས་ མཛམས་འཇོག་འབད་དེ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 200
Users Yesterday : 1141
This Month : 35117
This Year : 263958
Total Users : 975774
Views Today : 4239
Total views : 2835870
Who's Online : 6