
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ དབང་འཛིན་ཚུ་གིས་ ཉེན་བརྡའི་གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ ལྷོ་ཕྱོགས་མང་སྡེ་ གངས་དོང་དང་ གངས་ཛི་ ༢ ཀྱི་ནང་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་དེ་གིས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མང་རབས་ཅིག་ཡང་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
དེ་ཡང་ རྒྱ་ནག་གི་ རྒྱལ་ཡོངས་གནམ་གཤིས་ལྟེ་བ་ལས་ བདུན་མཐའ་ལུ་ ཇི་ཡང་ཛི་དང་ ཞེ་ཇི་ཡང་ ཕུ་ཇི་ཡང་ གངས་ཛི་ གངས་དོང་ དེ་ལས་ ནུབ་བྱང་མངའ་སྡེ་ ཛིན་ཇི་ཨང་ཚུ་གི་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་ནུག།
དེ་མ་ཚད་ ཞེ་ཇི་ཡང་དང་ ཕུ་ཇི་ཡང་ གངས་དོང་ གངས་ཛི་ཚུ་ནང་ གངས་རིའི་ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོད་པའི་ ཉེད་བརྡ་ཚུ་ཡང་འབད་ཡོདཔ་ད་ རྒྱ་ནག་ལུ་ གནམ་གཤིས་ཉེན་བརྡའི་རིམ་ལུགས་ དམརཔོ་དང་ ལི་ཝང་ སེརཔོ་ ཧོནམོ་འབདཝ་ད་ རིམ་ལུགས་ལྷམ་པ་ ༤ སྦེ་ཡོད་པའི་ནང་ལས་ རིམ་ལུགས་དམརཔོ་དེ་ ཉེན་བརྡ་ཚབས་ཆེན་ཨིན་པས།
སྤྱི་ལོ་ ༢༠༢༤ ལོའི་ རྒྱ་ནག་གི་ གནམ་གཤིས་གནས་སྡུད་ནང་ རྒྱ་ནག་ལུ་ ཚ་དྲོད་ཆེ་བའི་ཁར་ རླུང་འཚུབ་དང་ ཆུ་རུད་ཚུ་ཡང་ འཐོན་ནི་ཨིན་པའི་སྐོར་ལས་ གསལ་བཀོད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 4338
Users Yesterday : 3320
This Month : 94782
This Year : 390748
Total Users : 1102564
Views Today : 7387
Total views : 3078447
Who's Online : 26