
ཨེ་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ གཞུང་གི་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁྲོམ་སྡེ་ཅིག་གི་སྦོ་ལོགས་ཁར་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་འགས་པའི་ རྐྱེན་ངན་ནང་ མི་ ༤ ལུ་ ཤི་རྐྱེན་དང་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༨ ཀྱི་ནུབ་མོར་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམ་ཁ་ཐུག་ལུ་ བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ ཀིལ་ལཱ་ཨབ་དྷུལ་ལ་ ཁྲོམ་སྡེའི་ནང་ བྱུང་ཡོདཔ་ད་ དེ་བསྒང་ རྫས་བམ་དེ་གིས་ ཚོང་ཁང་ལེ་ཤ་ཅིག་དང་ ཉེ་འབས་ལུ་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།
རྐྱེན་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁ་མ་བཟེད་དེ་འབད་རུང་ བཱ་ལོ་ཅིཛ་ཏཱན་དང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ སྲུང་སྐྱོབ་དམག་མི་དང་ མི་སེར་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་མི་ བ་ལོཅ་མི་རིགས་ཨིན་པའི་ དོགས་པ་ཡོདཔ་ཨིན་པས།
བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ མགྲིན་ཚབ་ཅིག་གིས་ དེ་སྦེ་ རྫས་བམ་འགས་བཅུག་མི་ལུ་ སྐྱོན་བརྗོད་འབད་བའི་ཁར་ ཞིབ་དཔྱད་ཡང་འབད་དོ་ཡོད་པའི་ གསལ་བཤད་འབད་ནུག།
དེ་བཟུམ་སྦེ་ འདས་པའི་ཟླཝ་ཚུ་ནང་ཡང་ པཱ་ཀིཛ་ཏཱན་ལུ་ གནོདཔ་བཀལ་མི་ བི་ཨེལ་ཨེ་དང་ ཏཱ་ལི་བཱན་སྡེ་ཚན་ ༢ ལུ་ དོགས་པ་བསྐྱེད་མི་དེ་ཡང་ མདངས་ཞག་ སྤྱི་ཟླ་ ༣ པའི་ནང་ བཱ་ལོ་ཅིཛ་ཏཱན་ལུ་ བི་ཨེལ་ཨེ་ཟེར་མི་ ངོ་རྒོལ་སྡེ་ཚན་གྱིས་ འགྲུལ་པ་བརྒྱ་ཕྲག་སྦེ་འབག་མི་ རེལ་ལི་ཅིག་ལུ་ གནོད་འཚུབ་བཀལཝ་ལས་ མང་ཤོས་ཅིག་ དམག་མི་ཨིན་མི་ མི་གྲངས་ ༣༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 866
Users Yesterday : 4443
This Month : 95753
This Year : 391719
Total Users : 1103535
Views Today : 1355
Total views : 3079985
Who's Online : 20