བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ དམག་གྲུ་གསརཔ་ཅིག་ འགོ་འབྱེད་མཛད་པའི་སྐབས་ལུ་ བཟོད་བསྲན་འབད་མ་ཚུགས་པའི་ རྐྱེན་ངན་བྱུང་ཡོདཔ།

བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དམག་གྲུ་གསརཔ་ཅིག་ འགོ་འབྱེད་མཛད་པའི་སྐབས་ལུ་ གློ་བུར་གྱི་ རྐྱེན་ངན་བྱུང་མི་དེ་ རྩ་ལས་ར་ བཟོད་བསྲན་འབད་མ་ཚུགས་པའི་ ཉེས་ཅན་གྱི་ བྱ་སྤྱོད་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
དེ་ཡང་ ཊཱོན་ ༥,༠༠༠ འབག་མི་ དམག་གྲུ་དེ་གི་ གཤམ་ཆས་བརྡོལ་སོང་སྟེ་ ལྗིད་སྙོམ་མེདཔ་སྦེ་ ཐལ་ཡོདཔ་ད་ དམག་གྲུ་དེ་ སྤྱི་ཟླ་ ༦ པའི་ནང་ ཚོགས་པའི་ཞལ་འཛོམས་ མ་འཚོགས་པའི་ཧེ་མ་ ཉམས་གསོ་འབད་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་བཀོད་ནུག།
ཐུག་རྐྱེན་དེ་ནང་ ཤིརྐྱེན་དང་ རྨ་སྐྱོན་ཚུ་ ག་ནི་ཡང་ མ་བྱུང་སྟེ་འབད་རུང་ སྲིད་འཛིན་ཀིམ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ དམག་གྲུ་བཟོ་སྐྲུན་ནང་ གྲལ་གཏོགས་འབད་མི་ཚུ་གིས་ སྣང་མེད་ཀྱི་ ལཱ་འབད་མི་དེ་ལུ་ ངོས་ལེན་གྱི་སྐོར་ལས་ སྤྱི་ཟླ་ ༦ པའི་ནང་ འཚོགས་ནི་ཨིན་མི་ ཞལ་འཛོམས་ནང་ལས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།
ཤར་ཕྱོགས་ཁྲོམ་སྡེ་ ཅོང་ཇིན་གྲུ་བཟོ་ཁང་གི་ ལས་བྱེདཔ་ཚུ་གིས་ སྣང་མེད་དང་ འགན་འཁྲི་ དེ་ལས་ ཚུལ་མཐུན་མེད་པའི་ ལཱ་འབད་དེ་ གནོད་སྐྱོན་བྱུང་མི་ལུ་ ཉེས་ཁྲིམས་ག་ཅི་བཟུམ་ཅིག་ སྨིན་ནི་ཨིན་པའི་སྐོར་ལས་ གསལ་ཏོག་ཏོ་ཅིག་ ག་ནི་ཡང་མེད་རུང་ བཙོན་ཁྲིམས་ཕོག་ནི་གི་ ཉེན་ཁ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ དམག་སྡེའི་འཕྲུལ་སྐར་ཅིག་ གནམ་སྟོང་ནང་ འགས་འགྱོ་མི་དེ་ཡང་ འཐུས་ཤོར་ཚབས་ཆེན་ཅིག་ཨིནམ་སྦེ་ བཤད་ཡོདཔ་མ་ཚད་ འགོ་དཔོན་ཚུ་གིས་ འགན་འཁྲི་མ་འབག་པར་ སྣང་མེད་ཐོག་ལས་ གྲ་སྒྲིག་འབད་མི་ལུ་ཡང་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་ བདུན་ཕྲག་ ༡ གི་ཧེ་མ་ཡང་ བྱང་ཀོ་རི་ཡའི་ ནུབ་མཚོའི་མཐའ་མར་ ཊཱོན་ ༥,༠༠༠ འབད་མི་ མི་ཛ་ཡེལ་ ༧༠ འབག་ཚུགས་མི་ འཕྲུལ་ཆས་གསརཔ་ཅིག་ གསར་བཏོད་འབད་མི་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: