
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ལུང་ཕྱོགས་ སུ་མིའི་ཉེ་འདབས་ལུ་ ར་ཤི་ཡ་གིས་ དམག་མི་ ༥༠,༠༠༠ དེ་ཅིག་ བསྡུ་སྒྲིག་འབད་ཡོད་རུང་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ བཙན་འཛུལ་བཀག་ཐབས་ལུ་ ཐབས་ཤེས་སྟོན་ཡི་ཟེར་ཨིན་པས།
དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནམ་བྱཱར་གྱི་དུས་ཚོད་ཁར་ བཙན་འཛུལ་འབད་ནིའི་དོན་ལས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ ཡུ་ཀེ་རེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ དམག་འཁྲུག་མཚམས་འཇོག་གི་ གྲོས་བསྟུན་འབད་ནིའི་དོན་ལས་ གནས་སྟངས་ཚུ་ གསལ་བཀོད་འབད་ནི་ལུ་ སྒུག་སྡོདཔ་སྦེ་བཀོད་ནུག།
བདུན་ཕྲག་ ༢ དེ་ཅིག་གི་ཧེ་མར་ ཊར་ཀིའི་རྒྱལ་ས་ ཨིཛ་ཊེན་བཱུལ་ལུ་ ཡུ་ཀེ་རེན་དང་ ར་ཤི་ཡ་ རྒྱལ་ཁབ་ ༢ ཀྱི་ སྐུ་ཚབ་ཚུ་གི་བར་ན་ དམག་འཁྲུག་མཚམས་འཇོག་གི་ གསུང་གྲོས་གནང་མི་དེ་ མཐར་འཁྱོལ་མ་བྱུང་རུང་ བཙོན་པ་ ༡,༠༠༠ རེ་ བརྗེ་སོར་འབད་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ད་ལས་ཕར་ཡང་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཞི་བདེའི་གསུང་གྲོས་གནང་ནི་གི་ ས་ཁོངས་དེ་ ཊར་ཀི་དང་ ཝ་ཊི་ཀཱན་ སུ་ཡིད་ཟར་ལེན་ཚུ་ནང་ འོས་འབབ་ཡོདཔ་སྦེ་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 557
Users Yesterday : 1259
This Month : 30259
This Year : 165948
Total Users : 877764
Views Today : 1288
Total views : 2583665
Who's Online : 7