
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་བརྒྱུད་འབྲེལ་ཚོགས་པ་ལས་ ངོ་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་གི་ འཕྲུལ་རིག་ལས་ཁང་སྦོམ་ཤོས་ཚུ་གི་ བཙོག་རླུང་ཀཱར་བོན་གྱི་ ཕྱིར་ཐོན་ཚད་གཞི་དེ་ སྤྱི་ལོ་ ༢༠༢༠ ལས་ ༢༠༢༣ གྱི་བར་ན་ བརྒྱ་ཆ་ ༡༥༠ གིས་ ཡར་སེང་ཐོན་ཡོདཔ་སྦེ་ཨིན་པས།
དེ་ཡང་ གཙོ་བོ་ར་ བཅོས་མའི་རིག་རྩལ་དང་ གནད་སྡུད་ལྟེ་བ་ཚུ་གི་ ལག་ལེན་ལུ་ གློག་མེའི་སྤྱོད་ཚད་ ཡར་སེང་ལུ་བརྟེན་ཏེ་ཨིནམ་ད་ ཨེ་མེ་ཟཱོན་ཚོང་སྡེའི་ ཀར་བཱོན་ཐོན་ཚད་དེ་ སྤྱི་ལོ་ ༢༠༢༠ དང་ཕྱདཔ་ད་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༡༨༢ ཀྱི་རྩིས་ ཡར་སེང་སོང་ནུག།
མའི་ཀོར་སོཕཊ་ཚོང་སྡེའི་ནང་འབད་བ་ཅིན་ བརྒྱ་ཆ་ ༡༥༥ སོང་ནུག་ཟེར་ཨིནམ་ད་ ཕེཛ་བུག་དང་ ཨིནཛ་ཊི་ག་རམ་ མེ་ཊ་ཟེར་མི་ གྲོས་གནས་ཚུ་ནང་ བརྒྱ་ཆ་ ༡༤༥ དང་ ཚོང་སྡེ་གཙོ་བོ་ གུ་གཱལ་ཚོང་སྡེ་ནང་འབད་བ་ཅིན་ བརྒྱ་ཆ་ ༡༣༨ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
འཕྲུལ་རིག་གསར་བཏོད་ཚུ་ གལ་ཆེ་རུང་ བཅོས་མའི་རིག་རྩལ་ལག་ལེན་ལུ་བརྟེན་པའི་ བཙོག་རླུང་ཀར་བཱོན་གྱི་ཐོན་ཤུགས་ ཚད་འཛིན་མ་འབད་བ་ཅིན་ ལོ་རེ་བཞིན་དུ་ ཀར་བཱོན་ཊཱན་ས་ཡ་ ༡༠༢.༦ དེ་རེ་ འཐོན་ནི་གི་ ཉེན་ཁ་ཡོདཔ་སྦེ་བཀོད་ནུག།
དེ་ལས་ རྒྱལ་སྤྱི་བརྒྱུད་འབྲེལ་ཚོགས་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ད་རེས་ འཕྲུལ་རིག་ཚོང་སྡེ་ཚུ་གིས་ བཅོས་མའི་རིག་རྩལ་ལུ་བརྟེན་པའི་ ཀར་བཱོན་གྱི་ ཐོན་ཚད་སྐོར་ལས་ སྙན་ཞུ་འབད་དགོ་པའི་ ཁྲིམས་དོན་དགོས་མཁོ་དང་ ཚད་འཛིན་གྱི་ དགོས་མཁོ་ཚུ་ ག་ནི་ཡང་མེདཔ་ལས་ བཅོས་མའི་རིག་རྩལ་ལག་ལེན་གྱི་ གནོད་པ་ཚུ་ ཧ་གོ་བ་ལུ་ ལཱ་ཁག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392785
Views Today :
Total views : 5000
Who's Online :