
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ རྒྱ་གར་ཨཱ་མེ་ད་བཱད་ལས་ མཁའ་འགྲུལཔ་ ༢༤༢ འབག་སྟེ་ ལོན་ཌོན་ལུ་ འཕུར་འགྲུལ་འབད་མི་ རྒྱ་གར་གྱི་ ཨེ་ཡར་ཨིན་ཌི་ཡ་ཟེར་མི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ བི་རི་ཊེན་གྱི་ གནམ་ཐང་གེཊ་ཝིག་ཟེར་སར་ ཆགས་ནི་སྦེ་ འཕུར་བའི་ཤུལ་ལས་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ གནམ་ཐང་གི་ ཉེ་འདབས་ལུ་ཡོད་མི་ ཞི་བའི་མི་སེར་གྱི་ ས་ཁོངས་ཅིག་ནང་ བུད་སོང་ཡི་ཟེར་ཨིན་པས།
གནམ་གྲུ་དེ་ དྲུང་འཚོ་ཚུ་གི་ སྒྲིང་ཁྱིམ་ཅིག་གི་ཐོག་ཁར་ བུད་ཡོདཔ་ད་ དེ་བསྒང་ གནམ་གྲུ་དེ་ནང་ ཨ་ལོ་ ༡༡ གིས་གཙོས་པའི་ མཁའ་འགྲུལཔ་ ༢༤༢ ཀྱི་གྲས་ཁར་ རྒྱ་གར་གྱི་མི་ཁུངས་ ༡༦༩ དང་ བི་རི་ཊེན་གྱི་མི་ཁུངས་ ༥༣ དེ་ལས་ པོར་ཊུ་གཱལ་གྱི་མི་ཁུངས་ ༧ དང་ ཀེ་ན་ཌའི་མི་ཁུངས་ ༡ ཡོདཔ་སྦེ་བཀོད་ནུག།
མཁའ་འགྲུལ་ཤུལ་བལྟ་གྲོས་གནས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ དེང་དུས་ཀྱི་ མཁའ་འགྲུལཔ་སྐྱེལ་འདྲེན་འབད་མི་ གནམ་གྲུ་བོ་ཡིང་ ༧༨༧-༨ འབད་མི་ཅིག་ཨིནམ་ད་ ཨེ་ཡར་ཨིན་ཌི་ཡ་གིས་ མི་སྡེ་བརྡ་བརྒྱུད་ཨེགཛ་ནང་ གནད་དོན་དེ་གི་སྐོར་ལས་ ཁ་གསལ་ཚུ་ ངེས་གཏན་བཟོ་བའི་ཤུལ་ལས་ དུས་མཐུན་གྱི་ བརྡ་དོན་སྤེལ་འོང་ཟེར་ཨིན་པས།
དེ་བསྒང་ ནདཔ་ཐོན་མི་ཚུ་ཡང་ ཉེ་འདབས་ཀྱི་ སྨན་ཚུ་ནང་ བསྐྱལ་ཡོདཔ་ད་ རྒྱང་མཐོང་ཊེ་ལི་ཝི་ཤཱན་ཅིག་གིས་ གསལ་སྟོན་འབད་མིའི་ནང་ གནམ་གྲུ་དེ་ སྡོད་ཁྱིམ་ས་ཁོངས་གུ་ལས་ འཕུར་བའི་ཤུལ་ལུ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391305
Views Today :
Total views : 5000
Who's Online :