
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨིཛ་རེལ་གྱིས་ ཨི་རཱན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ བཟོ་ནི་ལས་ བཀག་ཐབས་ལུ་ ཨི་རཱན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཐུན་རྐྱེན་དང་ མི་ཛ་ཡེལ་གྱི་འཕྲུལ་ཁང་ དེ་ལས་ དམག་སྡེའི་བཀོད་དཔོན་ཚུ་ལུ་ ཆེད་དུ་དམིགས་ཏེ་ གནོད་འཚུབ་བཀལ་ནུག།
ཨིཛ་རེལ་གྱི་ དྲག་པོའི་མགྲིན་ཚབ་ ཡོངས་ཁྱབ་མདོ་འཛིན་ ཨི་ཕི་ཌེ་ཕིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ གནོད་འཚུབ་བཀལ་བའི་ དགྲ་ལན་ལུ་ ཨི་རཱན་གྱི་ཁ་ཐུག་ལས་ མཁའ་དམག་འཕྲུལ་ཆས་ ཌཱོན་ ༡༠༠ དེ་ཅིག་ ཨིཛ་རེལ་གྱི་ ས་ཁོངས་ནང་ འཕངས་ཡོདཔ་སྦེ་ཨིན་པས།
ཨི་རཱན་གྱི་ བརྡ་བརྒྱུད་དང་ མི་སེར་ཚུ་གིས་འབད་བ་ཅིན་ ཨི༌རཱན་གྱི་ ས་གནས་ན་ཏཱནཛི་ལུ་ ཡུ་རེ་ནི་ཡམ་ཟེར་མི་ རྫས་སྣའི་འཕྲུལ་ཁང་གཙོ་བོ་གིས་གཙོས་པའི་ ས་གོ་ཚུ་ནང་ རྫས་བམ་ཚུ་ གས་ཡོད་སར་ མཐོང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ ཨི་རཱན་གྱིས་ མི་ཛ་ཡེལ་དང་ ཌཱོན་ཚུ་གི་སྒོ་ལས་ དགྲ་ལན་འཇལ་ནི་བཟུམ་ཡོདཔ་ལས་ རྒྱལ་ཁབ་ནང་ གློ་བུར་གྱི་ གནས་སྟངས་སྐོར་ལས་ གསལ་བསྒྲས་འབད་ནུག།
ཨི་རཱན་གྱི་ རེ་ཝོ་ལུ་ཤ་ན་རི་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་བཀོད་ཁྱབ་གཙོ་འཛིན་ ཧོ་སེན་ས་ལ་མི་དེ་ ཨིཛ་རེལ་གྱི་ གནོད་འཚུབ་ནང་ ཨ་ལོ་དག་པ་ཅིག་དང་སྦྲགས་ཏེ་ དམར་བསད་འབད་བའི་ཁར་ ཁོང་གི་དམག་སྒར་ལྟེ་བ་ལུ་ཡང་ རྫས་བམ་གྱིས་ གནོད་སྐྱོན་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ མཁའ་དམག་གནམ་གྲུ་ ༢༠༠ དེ་ཅིག་ ལག་ལེན་འཐབ་སྟེ་ ཨི་རཱན་གྱི་ དྲག་པོའི་དམག་སྤྱི་དང་ རེ་ཝོ་ལུ་ཤ་ན་རི་ དམག་སྡེའི་གཙོ་འཛིན་ དེ་ལས་ ཨི་རཱན་གྱི་ གློ་བུར་དམག་སྡེའི་ གཙོ་འཛིན་ཚུ་ དམར་བསད་འབད་ཡོདཔ་སྦེ་བཤདནུག།
དེ་འབདཝ་ལས་ ཨི་རཱན་གྱི་ མངོན་མཐོའི་དབུ་ཁྲིད་ ཨ་ཡ་ཏོ་ལ་ ཨ་ལི་ ཁོ་མེ་ནི་གིས་ ཨིཛ་རེལ་གྱིས་ བསམ་ངན་གྱི་སྒོ་ལས་ དམར་བསད་ཀྱི་ ལཱ་བྱ་འཐབ་མི་དེ་ལུ་ ལས་ངན་ཚབས་ཆེན་སྦེ་ར་ འཁོར་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་ནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1433341
Views Today :
Total views : 5000
Who's Online :