
བི་བི་སི།
ཨི་རཱན་དང་ ཨིཛ་རེལ་རྒྱལ་ཁབ་ ༢ ཀྱི་བར་ན་ འཛིང་འཁྲུག་ལང་སྟེ་ ཉིན་གྲངས་ ༧ ལངམ་ད་ ཨི་རཱན་གྱིས་ མི་ཛ་ཡེལ་ཅིག་བཏང་སྟེ་ གནོད་འཚུབ་བཀལཝ་ལས་ ཨིཛ་རེལ་གྱི་ རིར་ཤི་བཱ་ཁྲོམ་སྡེའི་ སྨན་ཁང་ཅིག་ལུ་ གནོད་སྐྱོན་བྱུང་ནུག།
དེ་ཡང་ ཨི་རཱན་གྱིས་འབད་བ་ཅིན་ སྨན་ཁང་གི་ ཉེ་འདབས་ལུ་ཡོད་མི་ དམག་སྡེའི་ས་ཁོངས་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོད་རུང་ སྨན་ཁང་ལུ་ ཕོག་ཡོདཔ་ལས་ མི་གྲངས་ ༨༩ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
དམག་འཁྲུག་དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨི་ཟི་རེལ་གྱིས་ ཨི་རཱན་གྱི་ རྡུལ་ཕྲན་ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ དམག་སྤྱི་དང་ རྡུལ་ཕྲན་ཚན་རིག་པ་ ལེ་ཤ་ཅིག་ དམར་བསད་འབད་བ་ལུ་བརྟེན་ འགོ་བཙུགས་ནུག།
ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོ་འོགམ་གིས་ ཨི་རན་གྱིས་ སོ་རོ་ཀ་སྨན་ཁང་ནང་ གནོད་འཚུབ་བཀལ་མི་དེ མནོ་ཞིང་བསམ་བཞིན་དུ་ཨིནམ་ལས་ ཉེས་ཅན་ཅིག་སྦེ་ བརྩི་འཇོག་འབད་དགོ་ཟེར་ བཤད་ཡོདཔ་ཨིན་པས།
མ་གཞི་ ཨིཛ་རེལ་གྱི་ དམག་སྡེ་གིས་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ ཨི་རཱན་གྱི་ཁྲོམ་ཚོགས་ ཨ་རག་དང་ ཁོན་ཌབ་ཟེར་སར་ སྡོད་མི་ཚུ་ རྡུལ་ཕྲན་འཕྲུལ་ཁང་གི་ ཉེ་འདབས་ལུ་ཨིནམ་ལས་ ས་གནས་དེ་ནང་ལས་ གང་མགྱོགས་ཐོན་འགྱོ་དགོཔ་སྦེ་ སླབ་ཡོད་ལུགས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 915
Users Yesterday : 1379
This Month : 915
This Year : 229756
Total Users : 941572
Views Today : 2381
Total views : 2741424
Who's Online : 10