
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་ལྷོ་ཕྱོགས་ལུ་ ཕྱད་མདའ་རྐྱབ་མིའི་ནང་ ཁོང་གི་དམག་སྡེའི་ འགོ་དཔོན་ ༡ དང་ དམག་མི་ ༦ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ ག་ཟའི་ལྷོ་ཕྱོགས་ལུ་ ཟིང་འཁྲུག་གཞན་ཅིག་གི་ནང་ཡང་ ཨིཛ་རེལ་གྱི་ དམག་མི་ ༡ ལུ་ རྨ་སྐྱོན་ཚབས་ཆེན་ བྱུང་ཡོདཔ་སྦེ་ ཨིཛ་རེལ་དམག་སྡེའི་ བརྗོད་དོན་ཅིག་ནང་བཀོད་ནུག།
དེ་སྦེ་ དམར་བསད་འབད་མི་ དམག་མི་ ༧ པོ་ ཁཱན་ཡུ་ནིཛ་ཟེར་སར་ ས་འོག་ལུ་ རྫས་བམ་སྦ་བཞག་མི་གུ་ལས་ སྣུམ་འཁོར་བདའ་འགྱོཝ་ད་ གས་པའི་རྐྱེན་ངན་ནང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་པས།
པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཕྱད་མདའ་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་དམག་སྡེ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་ཡོད་པའི་ཁར་ མི་གྲངས་ ༢༥༡ བཙན་བཟུང་འབད་དེ་ ཁྱིད་ཡོད་མི་ལུ་བརྟེན་ཏེ་བྱུང་ནུག།
དེ་གི་ཤུལ་ལས་ ཨིཛ་རེལ་གྱིས་ མཁའ་དམག་དང་ ས་དམག་གཉིས་ཆ་རའི་སྒོ་ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ པེ་ལིཛ་ཊིན་གྱི་ མི་སེར་ ༥༦,༠༠༠ ལྷགཔ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ཧ་མཱཛ་གིས་ འགོ་འདྲེན་འཐབ་མི་ གསོ་བའི་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ བཀྲེས་སྐོམ་གྱི་ དཀའ་སྡུག་ཚུ་ཡང་ ཁྱབ་སྤེལ་སོང་ཡོདཔ་ལས་ མི་སེར་ས་ཡ་ ༢ ལྷགཔ་ཅིག་ གཞི་གནས་སྤོ་སྟེ་ འགྱོ་དགོཔ་ཐོན་ཡོདཔ་ད་ ད་རེས་ སྤྱི་ཟླ་ ༦ པའི་ནང་ར་ ག་ཟ་ལུ་ དམག་མི་ ༡༩ དེ་ཅིག་ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1069
Users Yesterday : 1476
This Month : 39582
This Year : 219485
Total Users : 931301
Views Today : 3243
Total views : 2716844
Who's Online : 10