
བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ ར་ཤི་ཡ་གིས་ ཕྱད་མདའི་གནམ་གྲུ་ཆུང་བ་ཌཱོན་ཚུ་ ལག་ལེན་འཐབ་སྟེ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ གནོད་འཚུབ་ཚབས་ཆེན་སྦེ་ བཀལ་མིའི་ནང་ མི་གྲངས་ ༢ ལུ་ ཤི་རྐྱེན་དང་ ༡༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་ཡང་ གནམ་ནུབ་མོར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ གནོད་འཚུབ་བཟློག་ཐབས་འབད་བའི་སྐབས་ལུ་ གནམ་ཁར་རྫས་བམ་གས་སར་ མཐོང་ཡོདཔ་ད་ ཡུ་ཀེ་རེན་ དམག་སྡེ་གིས་ ར་ཤི་ཡའི་ཁ་ཐུག་ལས་ དམིགས་བསལ་གྱི་ མགྱོགས་ཤུགས་ཡོད་མི་ ཚ་གཏད་མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ནི་གི་ ཉེ་ཁ་ཡོད་པའི་ ཉེན་བརྡ་འབད་ནུག།
དེ་བཟུམ་སྦེ་ ར་ཤི་ཡ་གིས་ སྤྱི་ཟླ་ ༧ པའི་ཚེས་ ༨ ཀྱི་ནུབ་མོར་ ཌཱོན་ ༧༢༨ དང་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ ༡༣ གཅིག་ཤུལ་གཉིས་ཤུལ་སྦེ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༠ གྱི་དྲོ་པ་ཡང་ ར་ཤི་ཡའི་ ཌཱོན་ཚུ་གིས་ ཡུ་ཀེ་རེན་གྱི་ མངའ་སྡེ་ཁག་ ༦ གི་ནང་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཡུ་ཀེ་རེན་དམག་སྡེའི་ བདག་སྐྱོང་གིས་ མི་སེར་ཚུ་སྡོད་སའི་ སྒྲིང་ཁྱིམ་ཚུ་དང་ སྣུམ་འཁོར་ དོས་ཁང་ ཡིག་ཚང་ དེ་ལས་ མི་སེར་སྡོད་ས་མིན་པའི་ སྒྲིང་ཁྱིམ་ཚུ་ལུ་ཡང་ མེ་འབར་ཏེ་ཡོད་ལུགས་ཚུ་ གསལ་བཤད་འབད་ནུག།
ཁྲོམ་ཚོགས་ནང་གི་ མི་སེར་ཚུ་ མཁའ་དམག་གནོད་འཚུབ་ཀྱི་ ཉེན་བརྡ་མཇུག་མ་བསྡུ་གི་རིང་ལུ་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་ འགྱོ་དགོཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ ཁྲོམ་ཚོགས་ནང་ དུ་པ་གིས་ གང་སྟེ་ཡོདཔ་ལས་ རང་སོའི་ཁྱིམ་ནང་ ལོག་པའི་ཤུལ་ལུ་ སྒོ་ཅུང་ཚུ་ བསྡམ་དགོ་པའི་ ནན་སྐུལ་ཡང་འབད་ཡོདཔ་ཨིན་པས།
ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་གྱི་ གྲོགས་རམ་བྱིན་ནི་ བཀག་དམ་འབད་ཡོད་རུང་ སྤྱི་ཟླ་ ༧ པའི་ཚེས་ ༩ ལས་ ལོག་སྟེ་ར་ གོ་མཚོན་དག་པ་ཅིག་བཏང་ནི་ འགོ་བཙུགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 139
Users Yesterday : 1729
This Month : 3941
This Year : 183844
Total Users : 895660
Views Today : 391
Total views : 2630708
Who's Online : 8