ཡུ་ཨེཛ་གིས་ ཀེ་ན་ཌའི་ ཅ་ཆས་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་ ༣༥ རེ་བཀལ་ནི།

བི་བི་སི།  

ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཟླཝ་ཤུལ་མའི་ནང་ལས་ ཀེ་ན་ཌའི་ ཅ་ཆས་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་ ༣༥ རེ་ བཀལ་ནི་ཨིན་པའི་ ཉེན་བརྡ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ནང་འདྲེན་དང་ ཕྱིར་ཚོང་གི་ ཁྲལ་ཚད་སྐོར་ལས་ འགྲིག་ཆ་བཟོ་ཐབས་ལུ་ ཞལ་འཛོམས་མང་རབས་ཅིག་ ཚོགས་ཡོད་རུང་ ཁ་གསལ་ཅིག་ མེདཔ་ཨིན་པས།

ཀེ་ན་ཌའི་བློན་ཆེན་ མཱག་ཀར་ནེ་གིས་ ཧེ་མ་ ཀེ་ན་ཌའི་དོན་ལུ་ དྲང་བདེན་ཅན་གྱི་ ཚོང་འབྲེལ་འགྲིག་ཆ་ཅིག་ བཟོ་ནི་སྦེ་ ཁས་བླངས་འབད་མི་དེ་ མཐར་མི་འཁྱོལ་ནི་བཟུམ་ཅིག་ཡོདཔ་ལས་ མི་སེར་ཚུ་ ཁོ་གིས་ ཌོ་ནཱལ་ཊཱམ་ལུ་ དོ་འགྲན་འབད་མི་ཚུགས་ནི་ཨིན་པའི་ ཐེ་ཚོམ་ཟ་དོ་ཡོདཔ་སྦེ་བཀོད་ནུག།

ཁྲལ་ཡར་སེང་གི་སྐོར་ལས་ ད་ཚུན་གྱི་ འགྲིག་ཆའི་ཞལ་འཛོམས་ཚུ་ནང་ ཀེ་ན་ཌའི་ གཞུང་གི་ཁ་ཐུག་ལས་ ཀེ་ན་ཌའི་ལས་མི་དང་ ཚོང་ལཱ་ཚུ་ ཉེན་སྲུང་འབདཝ་འབད་སར་ཡོད་པའི་གུ་ ཟླཝ་ཤུལ་མའི་ནང་ ཆིངས་ཡིག་ཅིག་ བཟོ་དགོ་པའི་ དུས་ཚོད་བཀག་མི་དེ་ འཕྲོ་མཐུད་དེ་ར་ འགྲིག་ཆ་ཚུ་ བཟོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།

ཌོ་ནཱལ་ཊམ་གྱིས་ རྒྱལ་ཁབ་གཞན་ ༢༠ ལྷགཔ་ཅིག་དང་ཡང་ ཨ་མི་རི་ཀའི་ ཚོང་འབྲེལ་མཉམ་རོགས་ཚུ་གི་དོན་ལུ་ ཆིངས་ཡིག་གསརཔ་ཚུ་ བཟོ་ནི་གི་ འཆར་གཞི་ཡོད་ལུགས་ཀྱི་ ཡི་གུ་ཚུ་ བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: