མི་དབང་ཞབས་ལས་ དམག་སྡེའི་འགོ་དཔོན་ ༡༩ ལུ་ གོ་གནས་ཡར་སེང་དང་ བཀྲིས་ལེགས་དར།

སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམག་སྡེའི་འགོ་དཔོན་ དམག་སྲིད་འོགམ་ ༡༩ ལུ་ དམག་སྲིད་གོང་མའི་ གོ་གནས་ཡར་སེང་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།

དེ་ཡང་ གདོང་གྲལ་གཡོན་ལས་ གཡས་ཁ་ཐུག་ལུ་ དམག་སྲིད་ཉི་མ་ཚེ་རིང་དང་། དམག་སྲིད་བསོད་ནམས་ཆོས་འཕེལ། དམག་སྲིད་བདེ་ཆེན་རྡོ་རྗེ། དམག་སྲིད་མགོན་པོ་འབྲུག་པ། དམག་སྲིད་ཚེ་རིང་བཟང་མོ། དམག་སྲིད་བདེ་ཆེན་ཆོས་སྒྲོན། དམག་སྲིད་ཀརྨ་རིག་འཛིན། དམག་སྲིད་ཀརྨ་བསམ་གཏན། དམག་སྲིད་ཚེ་བརྟན་ནོར་བུ། དམག་སྲིད་སངས་རྒྱས་དཔལ་འབྱོར། དམག་སྲིད་ཀརྨ་བློ་གྲོས་ཚུ་དང་།

རྒྱབ་གྲལ་གཡོན་ལས་ གཡས་ཁ་ཐུག་ལུ་ དམག་སྲིད་རིན་ཆེན་སྟོབས་རྒྱས། དམག་སྲིད་བཀྲིས་དབང་ཕྱུག། དམག་སྲིད་ཀརྨ་དོན་གྲུབ། དམག་སྲིད་ཀུན་དགའ་རྒྱལ་མཚན། དམག་སྲིད་རྒྱལ་མཚན། དམག་སྲིད་ཀུན་བཟང་དབང་འདུས། དམག་སྲིད་ཚེ་དབང་སྟོབས་རྒྱས། དམག་སྲིད་བཙན་སྐྱོགས་རྒྱལ་མཚན་ཚུ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: