
སི་ཨེན་ཨེན།
སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ར་ཤི་ཡའི་ ཤར་ཕྱོགས་མཚོ་འགྲམ་ལུ་ ས་ཡོམ་ཤུགས་ཚད་ ༨.༨ འབད་མི་ཅིག་ རྐྱབ་ཡོད་མི་དེ་ སྤྱི་ལོ་ ༢༠༡༡ ལས་ ད་ཚུན་གྱི་བར་ན་ ཤུགས་ཆེ་ཤོས་ཅིག་ཨིནམ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ པེ་སི་ཕིག་ རྒྱ་མཚོའི་ས་ཁོངས་ ཧ་ཝའི་དང་ ཨ་ལཱཛ་ཀ་ ཡུ་ཨེཛ་ ཀེ་ན་ཌ་ ལྷོ་ཨ་མི་རི་ཀ་ཚུ་ནང་ མཚོ་རླབས་ཚུ་ འཁྲུག་དོ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༡ ལུ་འབད་བ་ཅིན་ རྒྱ་པཱན་ལུ་ ས་ཡོམ་ཤུགས་ཚད་ ༩ འབད་མི་ཅིག་རྐྱབ་པའི་ མཚོ་རླབས་ལུ་བརྟེན་ཏེ་ གནོད་སྐྱོན་ཚད་མེད་ཅིག་ བྱུང་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ མཚོ་རླབས་ཚུ་ལུ་བརྟེན་ཏེ་ གནོད་སྐྱོན་ག་དེ་སྦེ་ར་ བྱུང་ཡོད་མེད་ཀྱི་སྐོར་ལས་ མངོན་དཔག་འབད་མཚུགསཔ་ཅིག་ཨིན་རུང་ ས་ཁོངས་ལེ་ཤ་ཅིག་གི་ནང་ར་ མཚོ་རླབས་ཀྱི་ གནོད་སྐྱོན་ཚུ་གི་སྐོར་ལས་ སྙན་ཞུ་ཚུ་འབད་ནི་ འགོ་བཙུགས་ཡོད་རུང་ གནོད་སྐྱོན་གྱི་ ཚབས་ཆེ་ཧིང་དེ་ ཧེ་མ་ དོགས་པ་བསྐྱེད་དོ་བཟུམ་སྦེ་ར་ ཚབས་ཆེན་ར་མེདཔ་ཨིན་པས།
པེ་སི་ཕིག་ མཐའ་འཁོར་གྱི་ མཁས་མཆོག་ཚུ་གིས་ ས་ཁོངས་མ་འདྲཝ་ཚུ་ནང་ མཚོ་རླབས་ཀྱི་ ཤུགས་ཚད་མ་འདྲཝ་ འཐོན་ནི་གི་ ཉེན་ཁ་ཡོདཔ་ལས་ མཚོ་འགྲམ་ཁག་ལུ་ འགྱོ་ནི་ལས་ འཛེམས་དགོཔ་སྦེ་ཨིནམ་ད་ དེ་ཡང་ མཚོ་འགྲམ་ཚུ་ནང་ མཚོ་རླབས་འགོ་དང་པ་ འཁྲུག་པའི་ཤུལ་ལུ་ཡང་ གནོད་སྐྱོན་འབྱུང་ནི་གི་ ཉེན་ཁ་ཡོད་ལུགས་ཚུ་བཤད་ནུག།
ཧོ་ནོ་ལུ་ལུའི་ མཚོ་འགྲམ་ལུ་ཡང་ མཚོ་རླབས་འཁྲུག་ནི་གི་ ཉེན་ཁ་ཡོད་པའི་ ཉེན་བརྡ་སྤེལ་ཡོདཔ་ད་ དེ་ཁར་སྡོད་མི་ཚུ་གིས་ རང་སོའི་མཁོ་ཆས་ཚུ་ མཛོད་ཁང་ནང་ལས་ གཞན་ཁ་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧ་ཝའི་གི་ མངའ་སྡེའི་གཙོ་འཛིན་གྱིས་ མཚོ་གླིང་མཐའ་བསྐོར་ཏེ་ མཚོ་རླབས་འཁྲུག་ནི་གི་ ཉེན་ཁ་སྦོམ་ར་ཡོདཔ་ལས་ པེ་སི་ཕིག་གི་ མཚོ་འགྲམ་ཚུ་ནང་ མ་སྡོད་པར་ ཉེན་སྲུང་དང་ལྡན་པའི་ ས་ཁ་མཐོ་སར་ སྤོ་བཤུད་འབད་དགོ་པའི་ ནན་སྐུལ་ཡང་འབད་ནུགཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 2646
Users Yesterday : 3320
This Month : 93090
This Year : 389056
Total Users : 1100872
Views Today : 4278
Total views : 3075338
Who's Online : 14