མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཝེཊ་ནཱམ་ལུ་ གཞུང་དོན་གཟིགས་སྐོར།

སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ ཝིཊ་ནཱམ་གྱི་སྲིད་འཛིན་ ལུ་རོང་ཅི་རོང་མཆོག་གིས་ མགྲོན་བརྡ་ཕུལ་ཡོདཔ་བཞིན་དུ་ ཝེཊ་ནཱམ་ལུ་ དགུང་ཞག་ ༥ གི་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་སྟེ་ རྒྱལ་ས་ཧ་ནོའི་ལུ་ ཕྱག་ཕེབས་གནངམ་ད་ ཐུགས་སྤྲོའི་སྒོ་ལས་ ཕེབས་བསུ་ཞུ་ནུག།

དེ་བསྒང་ མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་ཚུ་ བྱོན་ཡོདཔ་ཨིན་པས།

གཟིགས་སྐོར་གྱི་སྐབས་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཝིཊ་ནཱམ་གྱི་ སྲིད་འཛིན་དང་ ཝེཊ་ནཱམ་གྱི་ ཀ་མིའུ་ནིཛ་སྲིད་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་གཙོས་པའི་ ཆེ་མཐོའི་འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་གི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།

འབྲུག་དང་ ཝེཊ་ནཱམ་གྱི་བར་ན་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་ ༢༠༡༢ ལུ་ གཞི་བཙུགས་མཛད་ཡོདཔ་ད་ ད་རེས་ འབྱུང་རབས་ཅན་གྱི་ གཞུང་དོན་གཟིགས་སྐོར་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་དང་འབྲེལ་བའི་ མཉམ་འབྲེལ་བཙན་ཐབས་ཚུ་ འབྱུང་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: