
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ ཇར་མ་ནིའི་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཁས་བླངས་དམག་མིའི་ཞབས་ཏོག་ འགོ་བཙུགས་ནི་གི་ དཔྱད་ཡིག་ཟིན་བྲིས་ཅིག་ ཆ་འཇོག་གྲུབ་ནུག།
དེ་སྦེ་ དཔྱད་ཡིག་ཆ་འཇོག་གྲུབ་མི་དེ་གིས་ དམག་མི་ཁ་སྐོང་འཐུ་ནི་གི་ ལམ་ལུགས་ལུ་ཡང་ ཕན་ཐོགས་ནི་ཨིནམ་ད་ དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་བའི་ཤུལ་ལས་ ཇར་མ་ནིའི་ རྒྱལ་ཡོངས་སྲུང་སྐྱོབ་ ཡར་དྲག་གཏང་མིའི་ ཆ་ཤས་ཅིག་ཨིན་པས།
མ་གཞི་ ཇར་མ་ནི་ལུ་ དམག་སྡེའི་ནང་ མི་སེར་ཚུ་གིས་ མཐའ་གཅིག་ཏུ་ ཞབས་ཏོག་ཞུ་དགོཔ་ཡོད་མི་དེ་ སྤྱི་ལོ་ ༢༠༡༡ ལོར་ གཞུང་གི་དབུ་ཁྲིད་ ཨེན་ཇེ་ལ་ མར་ཀེལ་སྐབས་ལུ་ མཇུག་བསྡུ་བཏང་ནུག།
ཨིན་རུང་ གཙོ་འཛིན་ཕི་རིཌ་རིག་ མཱརཟ་གིས་འབད་བ་ཅིན་ ད་རེས་ནངས་པར་ ར་ཤི་ཡའི་ཁ་ཐུག་ལས་ ཉེན་ཁ་ཡོད་པ་ལུ་བརྟེན་ཏེ་ ཇར་མ་ནི་གིས་ དམག་སྡེ་ཡར་དྲག་གཏང་ནི་དེ་ གཙོ་རིམ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ཡང་ ཡུ་རོབ་ལུ་ རང་སོའི་སྲུང་སྐྱོབ་ཀྱི་དོན་ལས་ འགན་ཁུར་མང་སུ་སྦེ་ འབག་དགོ་པའི་ ནན་སྐུལ་དང་འཁྲིལ་ཏེ་ ཁས་བླངས་དམག་སྡེའི་ ཞབས་ཏོག་ལས་རིམ་དེ་ བརྩམས་ཡོདཔ་སྦེ་བཀོད་ནུག།
སྲུང་སྐྱོབ་བློན་པོ་ བོ་རིཛ་ པིཛ་ཊོ་རི་ཡཱཛ་གིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ དམག་སྡེའི་དམིགས་གཏད་གསརཔ་ འགྲུབ་ཐབས་དང་ ཇར་མ་ནིའི་ སྲུང་སྐྱོབ་སྒྲིང་སྒྲིང་ བཟོ་ཐབས་ལུ་ སྤྱི་ལོ་ ༢༠༣༠ འགོ་བཙུགས་ཁམས་ཅིག་ཁར་ ད་ལྟོ་ དམག་མི་ ༡༨༢,༠༠༠ ཡོད་ས་ལས་ ༢༦༠,༠༠༠ ལུ་ ཡར་སེང་འབད་ནི་ཨིན་པའི་ཁར་ ཟུར་བཞག་དམག་མི་ཡང་ ༢༠༠,༠༠༠ ལུ་ ཡར་སེང་འབད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 836
Users Yesterday : 4685
This Month : 56285
This Year : 493278
Total Users : 1205094
Views Today : 1109
Total views : 3247878
Who's Online : 12