
བི་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ སུ་དཱན་གྱི་ ངོ་རྒོལ་སྡེ་ཚན་ རང་དབང་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སུ་དཱན་གྱི་ ནུབ་ཕྱོགས་ཁ་ཐུག་ལུ་ མཐའ་ཟུར་གྱི་ མར་ར་གངས་རིའི་ནང་ ས་རུད་ཆད་དེ་ མི་སེར་ ༡,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ ས་རུད་ཆད་པའི་ རྐྱེན་ངན་ནང་ ཏཱ་ར་སིན་ གཡུས་ཚན་གྱི་ མི་སེར་ཕུག་རྡོག་ ༡ མ་གཏོགས་ གཞན་མི་ཚུ་ག་ར་ལུ་ ཤི་རྐྱེན་བྱུང་ཡོད་པའི་ གསལ་བཤད་འབད་ནུག།
དེ་འབདཝ་ལས་ རང་དབང་ལས་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་དང་ ལུང་ཕྱོགས་ རྒྱལ་སྤྱིའི་འདུས་ཚོགས་ཚུ་ལས་ མི་སྡེའི་གྲོགས་རམ་གྱི་དོན་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་ཡང་ སུ་དཱན་གྱི་ དྲག་པོའི་དམག་སྡེ་དང་ ཞི་བའི་དམག་སྡེ་གིས་ རྒྱབ་སྐྱོར་འབད་མི་ དམག་སྡེའི་བར་ན་ དམག་འཁྲུག་ལང་པའི་ཤུལ་ལས་ བྱང་ཕྱོགས་ཌར་ཕུར་མངའ་སྡེ་ལས་ མི་སེར་ཚུ་ རང་སོའི་གཡུས་སྤངས་ཏེ་ མར་ར་རི་རྒྱུད་ཀྱི་ ལུང་ཕྱོགས་ནང་ སྐྱབས་བཅོལ་བ་སྦེ་ སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།