
ཨཱལ་ཇ་ཟི་ར།
ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ མཁའ་དམག་ཐོག་ལས་ གནོད་འཚུབ་སྦོམ་བཀལ་མིའི་ནང་ མི་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རྒྱལ་ས་ཀི་ཡེབ་ལུ་ གཞུང་གི་ཡིག་ཚང་གཙོ་བོ་བརྩིས་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་ མེ་བཏང་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༧ གྱི་ནུབ་མོར་ ར་ཤི་ཡའི་ དམག་སྡེ་གིས་ ཌཱོན་ ༨༡༠ དང་ མི་ཛ་ཡེལ་ ༡༣ གྱི་ཐོག་ལས་ ཁྲོམ་ཚོགས་ཟ་པོ་རི་ཞི་ཡ་དང་ ཀིར་བི་རི་ ཨོ་དེ་ས་ཚུ་བརྩིས་ཏེ་ རྒྱལ་ཁབ་ཀྱི་ ཤར་ནུབ་དང་ ལྷོ་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།
ཡུ་ཀེ་རེན་གྱི་ བློན་ཆེན་གྱིས་ དགྲ་བྱང་ཕྱད་ཀྱིས་ གཞུང་གི་སྒྲིང་ཁྱིམ་གྱི་ ཐོག་གོང་མ་ཚུ་དང་ ཁྱིམ་ཐོག་ཚུ་ མེདཔ་གཏང་མི་དེ་ འགོ་དང་པ་ཨིན་ཟེར་ བཤད་ཡོདཔ་ད་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེན་ཀི་གིས་ དེ་བཟུམ་མའི་ གནོད་འཚུབ་ལུ་བརྟེན་ཏེ་ མཐུན་ཕྱོགས་རྒྱལ་ཁབ་ཚུ་གིས་ མཁའ་དབྱིངས་ཀྱི་ སྲུང་སྐྱོབ་སྒྲིང་སྒྲིང་ བཟོ་བྱིན་དགོ་པའི་ ནན་སྐུལ་འབད་ཡོདཔ་ཨིན་པས།
གཞན་དལ་གཞིར་ དོན་གཅོད་ཀྱི་ལཱ་ཚུ་ ཧེ་མ་ལས་ར་ འགོ་བཙུགས་ཡོད་རུང་ ད་རེས་ ར་ཤི་ཡ་གིས་ དེ་བཟུམ་མའི་ དམར་བསད་འབད་མི་དེ་ ཉེས་འགེལ་ཅན་གྱི་ ལཱ་བྱ་དང་ དམག་འཁྲུག་བསྣར་འགྱངས་ཀྱི་ དམིགས་གཏད་ཨིན་པས་ཟེར་ སྲིད་འཛིན་ཟེ་ལེན་ཀི་གིས་ མི་སྡེ་བརྡ་བརྒྱུད་ནང་བཀོད་ནུག།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ལོ་ངོ་ཕྱེད་དང་ ༤ དེ་ཅིག་འགྱོ་མི་ ཕྱད་མདའ་མཇུག་བསྡུ་ནིའི་དོན་ལུ་ དོན་གཅོད་ཀྱི་ལཱ་ནང་ བརྩོན་ཤུགས་ཡར་སེང་ཐོག་ལས་ ལག་ལེན་འཐབ་ཡོད་རུང་ མཐར་འཁྱོལ་འབྱུང་མ་ཚུགས་པའི་བར་ན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་ནི་དེ་ ཡར་སེང་འབད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ར་ཤི་ཡའི་ རྒྱབ་འགལ་ལུ་ བཀག་དམ་ཐེངས་ ༢ པ་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་ཡོད་པའི་ཁར་ ར་ཤི་ཡ་ལས་ ས་སྣུམ་ཉོ་མི་ཚུ་ལུ་ཡང་ དེ་བཟུམ་མའི་ བཀག་དམ་འབད་སྲིད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1431676
Views Today :
Total views : 5000
Who's Online :