
བི་བི་སི།
ཡུ་ཨེཛ་གི་སྲིད་འཛིན་ ཌཱོ་ནལ་ཊཱམ་གྱིས་ ཡུ་རོབ་མཐུན་ཚོགས་ལུ་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་མཇུག་བསྡུ་ཐབས་ལུ་དམིགས་ཏེ་ ཡུ་རོབ་མཐུན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་ནག་དང་ རྒྱ་གར་ལུ་ ཁྲལ་བརྒྱ་ཆ་ ༡༠༠ ཚུན་ བཀལ་དགོ་པའི་ ནན་སྐུལ་འབད་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ ཡུ་ཨེཛ་དང་ ཡུ་རོབ་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་གི་བར་ན་ ར་ཤི་ཡའི་ རྒྱབ་འགལ་ལུ་ དཔལ་འབྱོར་གྱི་ཨེབ་ཤུགས་ ཡར་སེང་འབད་ཐབས་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ལུ་ ཌོ་ནཱལ་ཊམ་གྱིས་ དེ་བཟུམ་མའི་ ནན་སྐུལ་འབད་ཡོདཔ་ད་ གྲོས་འཆར་དེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་ཡར་སེང་ཐོག་ལས་ བཀལ་ནི་དང་ ཊཱམ་ཁོ་ར་གིས་ ར་ཤི་ཡ་དང་ ཡུ་ཀེརེ་ན་གྱི་བར་ན་ ཞི་བདེའི་འགྲིག་ཆ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་ དུས་སྐབས་དང་བསྟུན་ཏེ་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ ར་ཤི་ཡ་གིས་ ཀི་ཡེབ་ལུ་ཡོདམི་ ཡུ་ཀེ་རེན་གཞུང་གི་ སྒྲིང་ཁྱིམ་གཙོ་བོ་གུ་ མི་ཛ་ཡེལ་ལག་ལེན་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ད་ དེ་ཡང་ ར་ཤི་ཡའི་ཁ་ཐུག་ལས་ གནོད་འཚུབ་ཡར་སེང་ གལ་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་སྦེ་བཀོད་ནུག།
ཡུ་ཀེ་རེན་གྱི་ རྒྱལ་ཁབ་མཐའ་དབུས་མེད་པའི་ ས་ཁོངས་ཚུ་ནང་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཌྲཱོན་ ༨༡༠ དང་ མི་ཛ་ཡེལ་ ༡༣ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་མི་དེ་ དམག་འཁྲུག་འགོ་བཙུགས་པའི་ཤུལ་ལས་ གནོད་འཚུབ་ཤུགས་ཆེ་ཤོས་ཨིན་པས།
ཡུ་ཨེཛ་སྲིད་འཛིན་གྱིས་ ཧེ་མ་འབད་བ་ཅིན་ ར་ཤི་ཡའི་ རྒྱབ་འགལ་ལུ་ འབྲེལ་བ་བཀག་ཆའི་ ཐབས་ལམ་ཚུ་ དམ་དྲགས་སྦེ་ ལག་ལེན་འཐབ་ནི་གི་ ཉེན་བརྡ་འབད་ཡོད་རུང་ སྲིད་འཛིན་པུ་ཊིན་གིས་ སྣང་མེད་སྦེ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།