
པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱིས་ མ་འོངས་པ་ལུ་ ཉེན་སྲུང་དང་ལྡན་པའི་ མིང་རྟགས་བཀོད་ནིའི་དོན་ལས་ ངོ་རྟགས་ངོས་འཛིན་ཕྱིར་སྤེལ་དང་ ཨང་ཅན་ངེས་སྦྱོར་ ༢ མཉམ་བསྡབས་ཐོག་ལས་ མིང་རྟགས་བཀོད་ནི་གི་ གྲོས་གནས་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ངོ་རྟགས་དེ་གིས་ བློ་གཏད་ཚུགས་པའི་ ཨང་ཅན་རིམ་ལུགས་དང་ མི་རབས་ཤུལ་མའི་ ཨང་ཅན་མིང་རྟགས་ཀྱི་ འཕྲུལ་རིག་ཡར་འཕེལ་ནང་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་ཚུ་གི་གྲས་ལས་ མདུན་བསྐྱོད་ཅན་གྱི་ གནས་རིམ་ཁར་ བཀལཝ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འདས་པའི་ལོ་ངོ་བཅུ་ཕྲག་ལས་བཅད་མི་ཚུ་ནང་ གློག་ཐོག་མིང་རྟགས་བཀོད་ནི་དེ་ དཔར་ལེན་ཚུ་ལུ་ གཞི་བརྟེན་དགོཔ་ཡོད་པའི་ཁར་ གཏན་འཁེལ་དེ་ཡང་ གློག་འཕྲིན་ཐོག་ལས་ འབད་དགོ་དོ་ཡོདཔ་ལས་ ལོ་ངོ་མང་རབས་ཀྱི་ཤུལ་ལས་ མིང་རྟགས་རྫུན་བཟོ་དང་ མིང་རྟགས་བྲིས་བསུབ་འབད་ནི་ ཡང་ཅིན་ ཁྲིམས་འདུན་རྩོད་བཤེར་སྐབས་ལུ་ རྩོད་ཉོག་ཅན་ལུ་ འགྱུར་སྲིད་པའི་ དོ་འགྲན་ཚུ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ད་རེས་ཀྱི་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ གྲོས་གནས་གསརཔ་དེ་གིས་ ངོ་རྟགས་ངོས་འཛིན་ཕྱིར་སྤེལ་བརྒྱུད་དེ་ མིང་རྟགས་རེ་རེ་བཞིན་དུ་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ མཉེན་ཆས་་ཚུ་ནང་ ངེས་སྦྱོར་འབད་ཚུགས་པའི་ གནས་ཚད་ཁར་ བཀོད་ཐོག་ལས་ དོ་འགྲན་ཚུ་ ཐད་ཀར་དུ་ སེལ་ཚུགས་ཟེར་བཀོད་ནུག།
འབྲུག་གི་རྒྱལ་ཡོངས་ཨང་ཅན་ མིང་རྟགས་གྲོས་གནས་ནང་ གསར་བཏོད་གནད་དོན་གཙོ་བོ་ཚུ་ ངེས་སྦྱོར་འབད་ཚུགས་པའི་ ངོ་རྟགས་འབྲེལ་མཐུན་གྱི་ཐེད་ཁར་ མིང་རྟགས་བཀོད་མི་ རེ་རེ་བཞིན་གྱི་ ངོ་རྟགས་དེ་ འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ མཉེན་ཆས་ནང་ ངོས་འཛིན་ཕྱིར་སྤེལ་ཐོག་ལུ་བཀོད་དེ་ མིང་རྟགས་བཀོད་ནི་གི་ ལཱ་རེ་རེ་བཞིན་དུ་ འཁྲུལ་མེད་ཨིནམ་ ངེས་གཏན་བཟོ་ཚུགས་ནི་ཨིན་པས།
མི་དང་ འཕྲུལ་ཆས་ལུ་ བློ་གཏད་མཉམ་བསྡབས་དང་འབྲེལ་ཏེ་ ཡིག་ཐོག་ལུ་ ཨང་ཅན་རིམ་ལུགས་ཐོག་ལས་ མིང་རྟགས་བཀོད་པའི་སྐབས་ལུ་ སྣག་ཚ་རློནམ་གི་ཐོག་ལས་ མིང་རྟགས་བཀོད་དོ་བཟུམ་སྦེར་ མཐོང་ནི་དང་ མིང་རྟགས་ཚུ་ ངོས་འཛིན་འབད་ཚུགསཔ་ བཟོཝ ་མ་ཚད་ འཕྲུལ་ཆས་ཚུ་ལུ་ ངོས་ལེན་མེད་པའི་གནས་སྟངས་འཐོན་ནི་མེདཔ་ཡང་ བཟོཝ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
མིང་རྟགས་གྲངས་མང་གི་ ལས་དོན་ཐེདཁར་ མིང་རྟགས་བཀོད་ནིའི་བྱ་ལས་ཚུ་ འཛོལ་བ་མེད་པའི་ གོ་རིམ་ཐོག་ ཆིངས་ཡིག་ལེ་ཤ་གུ་ མིང་རྟགས་བཀོད་ནི་ཚུ་ དྭངས་གསལ་ཅན་དང་ བློ་གཏད་ཚུགསཔ་སྦེ་ ཐོ་བཀོད་འབད་ཚུགས་ནི་ཨིན་པས།
ངེས་སྦྱོར་གྱི་དོན་ལུ་ དབང་འཛིན་ཚུ་མིན་པར་ ཨང་ཅན་ངོ་རྟགས་ཕྱིར་སྤེལ་དེ་ཡང་ མིང་རྟགས་ཚུ་ དབང་འཛིན་ཚུ་གིས་ ངེས་སྦྱོར་འབད་ནི་གི་ ལམ་ལུགས་དེ་ ཨང་ཅན་རིམ་ལུགས་སྤྱོད་མི་ རང་སོའི་ཨང་ཅན་ངོ་རྟགས་ཕྱིར་སྤེལ་གྱིས་ ཚབ་འཛིན་འབད་དེ་ ཡིག་ཆའི་ཇོ་བདག་ངོ་མ་རྐྱངམ་གཅིག་གིས་ ཆ་གནས་ཅན་གྱི་ མིང་རྟགས་ཕབ་ལེན་འབད་ཚུགས་ནི་དེ་ ངེས་གཏན་བཟོ་ནི་ཨིན་ཟེར་བཀོད་ནུག།
ཉེན་སྲུང་ཅན་གྱི་ ངེས་སྦྱོར་གྱི་ཐེད་ཁར་ མི་མང་ངེས་སྦྱོར་འཆར་སྒོ་དེ་གིས་ མིང་རྟགས་བཀོད་གྲུབ་པའི་ ཡིག་ཆ་གང་རུང་ ལག་ལེན་འཐབ་ཚར་བའི་ཤུལ་ལུ་ སླར་ལོག་ཨང་ཅན་རིམ་ལུགས་ནང་ བཙུགས་ནི་དང་ མིང་རྟགས་དང་ ཐིའུ་ གོ་རིམ་ དྲང་བདེན་ཚུ་ འཁྲུལ་མེད་ཨིནམ་ བརྟག་དཔྱད་འབད་ཚུགས་ནི་ཨིན་པས།
འབྲུག་རྒྱལ་ཡོངས་ ཨང་ཅན་ངོ་རྟགས་ཀྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ ཞེགཛ་བཱོན་ བེ་ནེག་གིས་ ཨང་ཅན་མི་རྟགས་ཀྱི་ གྲོས་གནས་དེ་ གློག་ཐོག་མིང་རྟགས་བཀོད་ནི་ལུ་ རིམ་ལུགས་ཡར་དྲགས་ ཉག་གཅིག་མིན་པར་ ཨང་ཅན་རིམ་ལུགས་ལུ་ བློ་གཏད་མདུན་བསྐྱོད་ཀྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ངོ་རྟགས་ཕྱིར་སྤེལ་དང་ ཨང་ཅན་ཐོག་གི་ངེས་སྦྱོར་ མཉམ་བསྡབས་འབད་ནི་དེ་ མིའི་དགོས་དོན་དང་མཐུན་པའི་ མིང་རྟགས་བཀོད་ནི་གི་ ཉམས་མྱོང་ཅིག་འབདཝ་ལས་ གསར་བཏོད་ཅན་གྱི་ ཨང་ཅན་མིང་རྟགས་བཀོད་ནི་གི་ རིམ་ལུགས་དེ་ ད་རེས་བཟུམ་སྦེ་ མ་འོངས་པའི་དུས་ལུ་ཡང་ མིང་རྟགས་བཀོད་གྲུབ་པའི་ ཡིག་ཆ་ རེ་རེ་བཞིན་དུས་ འཁྲུལ་མེད་ཨིནམ་སྦེ་ ངོས་ལེན་འབད་ཚུགས་པའི་ གནས་ཚད་ཁར་ ཡར་རྒྱས་གོང་འཕེལ་བཏང་ཡོདཔ་སྦེ་ཨིན་པས།
འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱིས་ ཨང་ཅན་མིང་རྟགས་ཀྱི་གྲོས་གནས་ འགོ་བཙུགས་ནི་ལུ་ དམིགས་བསལ་གྱི་ གཙོ་དོན་དེ་ཡང་ ད་རེས་ཡོད་མི་ གློག་ཐོག་མིང་རྟགས་བཀོད་ནི་གི་ ལམ་ལུགས་ལས་ ཐ་དད་པའི་ གནད་དོན་ཅིག་ར་ཨིནམ་ད་ གློག་ཐོག་མིང་རྟགས་བཀོད་ནི་དེ་ ལོ་ལེ་ཤ་ཅིག་གི་རྒྱབ་ལས་ རྩོད་ཉོག་ཚུ་ འཐོན་པའི་སྐབས་ལུ་ ཡིག་ཆས་གུ་ མིང་རྟགས་བཀོད་མི་ལས་སྡེ་ཚུ་ལུ་ དཀའ་ངལ་འཐོན་ནི་གི་ ཉེན་ཁ་ཡོདཔ་སྦེ་བཀོད་ནུག།
ད་རེས་ཀྱི་ ཨང་ཅན་མིང་རྟགས་བཀོད་ནི་དེ་ མིག་མཐོང་ཅན་གྱི་ ངོས་ལེན་གྱིས་མ་དོ་བར་ ཨང་ཅན་རིམ་ལུགས་ཀྱི་ བཙན་ཐབས་ཡང་ཡོདཔ་ལས་ གན་རྒྱ་དང་ ཆིངས་ཡིག་ དེ་ལས་ གཞན་ཡིག་ཐོ་ཚུ་ ཁྲིམས་མཐུན་བཙན་དྲགས་དང་ འབྲི་བསུབ་འབད་མ་ཚུགསཔ་ དེ་ལས་ དུས་གཏན་འཇགས་ ངེས་སྦྱོར་འབད་ཚུགསཔ་འོང་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།






Users Today : 1376
Users Yesterday : 3320
This Month : 91820
This Year : 387786
Total Users : 1099602
Views Today : 2096
Total views : 3073156
Who's Online : 12