
རོའི་ཊརཛ།
འཛམ་གླིང་སྤྱི་ཚོགས་ ཨེཆ་ཨའི་ཝི་/ཨེཌཛ་གི་ ནད་གཞི་ལུ་ གཙོ་བོར་བཟུང་མི་ ལས་སྡེ་དེ་ སྤྱི་ལོ་ ༢༠༢༦ ལུ་ མཇུག་བསྡུ་གཏང་ནི་བཟུམ་ཅིག་ཡོདཔད་ དེ་ཡང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ཏེ་ འོང་ནི་ཨིན་པས།
སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ དཔར་བསྐྲུན་འབད་མི་ ཡིག་ཆའི་ནང་ ཡུ་ཨེན་ཨེཌཛ་དེ་ སྤྱི་ལོ་ ༢༠༢༦ གི་ ལོ་མཇུག་ལུ་ མེདཔ་བཟོ་ནི་ཨིན་ཟེར་ བཀོད་ཡོདཔ་ད་ གྲོས་འཆར་དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ གྲོས་འཆར་ཆ་ཚང་བཀོད་མིའི་ ཆ་ཤས་ཅིག་ཨིནམ་སྦེ་བཀོད་ནུག།
ཡུ་ཨེན་ཨེཌཛ་ ལས་སྡེ་དེ་ སྤྱི་ལོ་ ༡༩༩༦ ལུ་ འགོ་བཙུགས་ཡོདཔ་ད་ ལས་སྡེ་དེ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་ ༢༠༡༠ ལུ་ འཛམ་གླིང་ནང་ ཨེཌཛ་ལུ་བརྟེན་པའི་ ཤི་རྐྱེན་ས་ཡ་ ༡.༢ འབད་ས་ལས་ སྤྱི་ལོ་ ༢༠༢༣ ཚུན་ལུ་ ཤི་རྐྱེན་དེ་ ༦༣༠,༠༠༠ གུ་ མར་ཕབ་འབད་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ ཨེཆ་ཨའི་ཝི་ ཐོབ་སྟེ་ཡོད་མི་ བཞི་དཔྱ་ ༡ གི་རྩིས་ལུ་ སྨན་བཅོས་ཀྱི་ གོ་སྐབས་ཚུ་ རྩ་ལས་ར་ མིན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1390604
Views Today :
Total views : 5000
Who's Online :