
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ དྲོ་པའི་ཆུ་ཚོད་ ༢ དེ་ཅིག་ཁར་ པ་ཀིཛ་ཏཱན་མངའ་སྡེའི་ གཡུས་ཚན་ཅིག་ནང་ མཁའ་དམག་གནམ་གྲུའི་ཐོག་ལས་ རྫས་བམ་ ༨ བཀོག་བའི་ རྐྱེན་ངན་ནང་ ཨམ་སྲུ་དང་ ཨ་ལུ་ཚུ་བརྩིས་ཏེ་ ཞི་བའི་མི་སེར་ ༣༠ དེ་ཅིག་ དམར་བསད་འབད་ནུག།
དེ་མ་ཚད་ མི་སེར་ལེ་ཤ་ཅིག་ལུ་ རྨ་སྐྱོན་ཡང་ བྱུང་ཡོད་པའི་སྐོར་ལས་ ས་གནས་ཀྱི་ བརྡ་བརྒྱུད་ཚུ་ནང་ བཀོད་ཡོད་རུང་ ད་ཚུན་གྱི་བར་ན་ བརྡ་དོན་ཁ་གསལ་སྦེ་ ཤེས་མ་ཚུགསཔ་ཨིན་པས།
རྐྱེན་ངན་བྱུང་སའི་ ས་ཁོངས་དེ་ནང་ མི་རོ་མང་རབས་ཅིག་ ཐང་མར་བརྡལ་ཏེ་ཡོདཔ་ད་ འཚོལ་ཞིབ་འབད་མི་ཚུ་གིས་ ས་རུག་རྡོ་རུག་ཚུ་གི་འོག་ལས་ མི་རོ་ཚུ་ གཏོན་པའི་བསྒང་ཡོདཔ་ལས་ ཤི་རྐྱེན་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392888
Views Today :
Total views : 5000
Who's Online :