
བི་བི་སི།
ཉེན་སྐྱོབ་འབད་མི་ཚུ་གིས་ ཨིན་ཌོ་ནེ་ཤི་ཡའི་ ཤར་ཕྱོགས་ཇ་བ་ལུ་ སློབ་གྲྭའི་སྒྲིང་ཁྱིམ་ཅིག་ རམ་འགྱོ་མི་ ས་རུག་རྡོ་རུག་གི་འོག་ལས་ སློབ་ཕྲུག་ཚུ་དང་ ལས་བྱེདཔ་ལེ་ཤ་ཅིག་ སྲོག་སྐྱབས་འབད་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༩༩ དེ་ཅིག་ སྨན་ཁང་ནང་ བསྐྱལ་ཡོད་མིའི་གྲས་ལས་ ལ་ལུ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ཤི་རྐྱེན་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
ཤར་ཕྱོགས་ཇ་བ་ཁྲོམ་སྡེ་ སི་ཌོ་ཨར་ཇོ་ལུ་ཡོད་མི་ ཨཱལ་ཁོ་ཟི་ནི་ ཨིཛ་ལ་མིག་ ལྟོ་ཐོབ་སློབ་གྲྭའི་འོག་ལུ་ བུཚ་ན་ཆུང་ ༣༨ དེ་ཅིག་ བཀག་བཞག་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ སློབ་གྲྭའི་སྒྲིང་ཁྱིམ་དེ་ རམ་འགྱོ་བའི་སྐབས་ལུ་ སློབ་ཕྲུག་ཚུ་ ཁ་ཐུན་བཏང་ནིའི་དོན་ལས་ འཛོམས་ཏེ་ཡོདཔ་ཨིན་མས།
རྐྱེན་ངན་དེ་ཡང་ ཐོག་ཚད་ ༢ འབད་མི་ སྒྲིང་ཁྱིམ་དེ་གི་ གཞི་འགྱམ་བརྟན་ཏོག་ཏོ་མེད་པའི་གུ་ ད་རུང་ ཐོག་ཚད་ ༢ བཀལ་བའི་སྐབས་ལུ་ ལྗིད་ཚད་འབག་མ་ཐེག་པར་ རམ་ཡར་སོང་ནུག་ཟེར་ རྐྱེན་ངན་བཀག་འཛིན་ལས་སྡེ་གིས་ གསལ་བཤད་འབད་ནུག།
སློབ་ཕྲུག་བུམོ་ཚུ་ སྒྲིང་ཁྱིམ་གྱི་ ས་ཁོངས་གཞན་ཅིག་ནང་ ཁ་ཐུན་བཏང་སྟེ་ སྡོད་ཡོདཔ་ལས་ རྐྱེན་ངན་མ་བྱུང་པར་ ཐལ་ཡོདཔ་ད་ དེ་བཟུམ་མའི་ རྐྱེན་ངན་ནང་ཚུད་མི་ཚུ་ཡང་ སྐྱེས་ལོ་ ༡༢ ལས་ ༡༧ གྱི་བར་ན་འབད་མི་ སློབ་ཕྲུག་ཚུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 912
Users Yesterday : 1155
This Month : 48471
This Year : 228374
Total Users : 940190
Views Today : 1455
Total views : 2738079
Who's Online : 7